ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུས་ཨུ་རུ་སུ་དང་ཡུག་རེན་བར་གདོང་ཐུག་“བཀག་བཅད”བྱ་རྒྱུའི་ཇུས་གཞི་དང་ལེན་མ་བྱས་པ་དང་། ཡུག་རེན་མངའ་ཁོངས་ཡོངས་ལ་ཨུ་རུ་སུའི་གཞི་ཁྱོན་ཆེ་བའི་མི་མེད་གནམ་གྲུའི་འཇབ་རྒོལ་དང་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་ཕོག་པ།

2024-11-27 09:24:00     责编:娜科

  འདི་ག་ལས་ཁུངས་ན་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་རྒྱལ་སྲུང་པུས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་26ཉིན་གནས་ཚུལ་ཁྱབ་བསྒྲགས་བྱས་ནསཨུ་རུ་སུའི་དམག་དཔུང་གིས་ཧར་ཁོའོ་ཕུའུ་ས་ཁུལ་གྱིཁོ་ཕན་ཁའི”གཏན་འཇག་ས་ཚིགས་ཚོད་འཛིན་བྱས་ཟིན་པ་དང་། ཡུག་རེན་དྲག་ཆས་དཔུང་སྡེས་འདས་ཟིན་པའི་ཉིན་གསུམ་ནང་ཨ་རིས་བཟོས་པའི་སྐམ་དམག་གི་འཐབ་རྩལ་འཕུར་མདེལ་ཐེངས་གཉིས་སྤྱད་དེ་ཨུ་རུ་སུའི་ཁུའར་སི་ཁེ་མངའ་སྡེའི་མཁའ་ཟོན་གཡུལ་སར་འཇབ་རྒོལ་བྱས་ཡོད། ཨུ་རུ་སུའི་རྒྱལ་སྲུང་པུས་དུས་བབ་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་པ་དང་གང་དེར་ཡ་ལན་སྤྲོད་རྩིས་ཡོད་ཅེས་བརྗོད་པ་རེད།

  ཡུག་རེན་མཁའ་དམག་གིས། སྤྱི་ཚེས་25ཉིན་གྱི་དགོང་མོ་ནས་སྤྱི་ཚེས་26ཉིན་གྱི་ཐོ་རེངས་བར་ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་ལདབྱི་སི་ཁན་ཏེར-M”རྟགས་ཅན་གྱི་མདེལ་ལམ་འཕུར་མདེལ་4འཕེན་པ་དང་མི་མེད་གནམ་གྲུ་188ཀྱིས་འཇབ་རྒོལ་བྱས་པ་དང་ཡུག་རེན་དམག་གིས་མི་མེད་གནམ་གྲུ་76གཏོར་ལྷུངས་བཏང་ཡོད་ཅེས་བརྗོད་པ་རེད། ཡུག་རེན་མཁའ་དམག་གིས་འཇབ་རྒོལ་གཞི་ཁྱོན་དེགདོང་ཐུག་ཚུན་གྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོདཅེས་བཤད་པ་རེད།

  ཨུ་རུ་སུའི་ཕྱི་ཕྱོགས་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་ནཱ་ལེ་ཧྲེ་ཅིན་གྱིས་སྤྱི་ཚེས་26ཉིན། ཨུ་རུ་སུས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་བཀག་བཅདབྱ་རྒྱུའི་ཐད་ཀྱི་ཇུས་གཞི་གང་ཞིག་ཡིན་རུང་དང་ལེན་བྱེད་མི་སྲིད་པ་དང་། དེའི་ནང་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་དང་འདྲ་བའི་ཐག་གཅོད་བྱེད་སྟངས་ཚུད་ཡོད་ཅེས་དང་། ནཱ་ལེ་ཧྲེ་ཅིན་གྱིས། ཨུ་རུ་སུས་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་རྦད་དེ་སྟངས་འཛིན་ཐུབ་པས་ནུབ་ཕྱོགས་རྒྱལ་ཁབ་ལ་ཨུ་རུ་སུས་བཏོན་པའི་གདོང་ཐུག་མཚམས་འཇོག་གི་ཆ་རྐྱེན་གང་མགྱོགས་དང་ལེན་བྱེད་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

   

中央广播电视总台 央广网 版权所有

ཨུ་རུ་སུས་ཨུ་རུ་སུ་དང་ཡུག་རེན་བར་གདོང་ཐུག་“བཀག་བཅད”བྱ་རྒྱུའི་ཇུས་གཞི་དང་ལེན་མ་བྱས་པ་དང་། ཡུག་རེན་མངའ་ཁོངས་ཡོངས་ལ་ཨུ་རུ་སུའི་གཞི་ཁྱོན་ཆེ་བའི་མི་མེད་གནམ་གྲུའི་འཇབ་རྒོལ་དང་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་ཕོག་པ།

ནཱ་ལེ་ཧྲེ་ཅིན་གྱིས། ཨུ་རུ་སུས་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་རྦད་དེ་སྟངས་འཛིན་ཐུབ་པས་ནུབ་ཕྱོགས་རྒྱལ་ཁབ་ལ་ཨུ་རུ་སུས་བཏོན་པའི་གདོང་ཐུག་མཚམས་འཇོག་གི་ཆ་རྐྱེན་གང་མགྱོགས་དང་ལེན་བྱེད་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།