ཨ་རིའི་ཤར་ལྷོའི་རྒྱུད་ཀྱི་ཡ་ལ་པ་མ་མངའ་སྡེའི་པོ་མིང་ཧན་གྲོང་ཁྱེར་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས། ཉུང་མཐར་ཡང་མི་4རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་བཅུ་གྲངས་ལྷག་ལ་རྨས་སྐྱོན་བཟོས་ཡོད།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་ཤར་ལྷོའི་རྒྱུད་ཀྱི་ཡ་ལ་པ་མ་མངའ་སྡེའི་པོ་མིང་ཧན་གྲོང་ཁྱེར་དུ་ཚེས་21ཉིན་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་ཐོན་པས། ཉུང་མཐར་ཡང་མི་4རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་བཅུ་གྲངས་ལྷག་ལ་རྨས་སྐྱོན་བཟོས་ཡོད་ཅིང་། དེའི་ཁྲོད་མི་མང་པོ་ཞིག་རྨས་སྐྱོན་ཚབས་ཆེ་ཙམ་ཡོད་པ་རེད། ཉེན་རྟོག་པའི་ཕྱོགས་ནས་མེ་མདའ་རྒྱག་མཁན་ཁ་ཤས་ཀྱིས་མི་ཚོགས་ལ་མེ་མདའ་བརྒྱབ་པའི་ངོས་འཛིན་བྱས་ཡོད། ཚེས་22ཉིན་གྱི་ཐོ་རེངས་བར། ཉེན་རྟོག་པས་དོགས་ཡོད་ཉེས་གསོག་མི་སྣ་གཅིག་རྐྱང་འཛིན་བཟུང་ཐུབ་མེད་པ་རེད།