ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཚེས་15ཉིན་རེས་སྐོར་གསར་པའི་ཀ་ཧྲ་ཡི་དམག་མཚམས་འཇོག་པའི་དབྱེན་འབྱེད་གྲོས་མོལ་བྱས་པ་དང་། ཧ་མ་སི་དབྱེན་འབྱེད་གྲོས་མོལ་ནང་ཞུགས་མེད་པ།

2024-08-15 10:39:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རེས་སྐོར་གསར་པའི་ཀ་ཧྲ་ཡི་དམག་མཚམས་འཇོག་པའི་དབྱེན་འབྱེད་གྲོས་མོལ་ཚེས་15ཉིན་ཁ་ཐར་གྱི་རྒྱལ་ས་ཏོ་ཧར་གཉེར་ཡོད། ཚོགས་ཞུགས་པའི་ནང་དབྱི་སི་རལ་དང་། ཁ་ཐར། ཨ་རི་དང་ཨེ་ཅེབ་ཀྱི་དཔོན་རིགས་སོགས་ཚུད་ཡོད།

  ཚེས་14ཉིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ཤེས་རྟོགས་བྱུང་བར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུས་དབྱི་སི་རལ་གསང་འཕྲིན་དང་དམིགས་བསལ་གཞུང་ལས་ཅུད་ཀྱི་ཅུད་ཀྲང་པ་ཉི་ཡ་དང་། དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུད་ཀྱི་འགན་འཁུར་བ་པའར་དེ་བཞིན་དབྱི་སི་རལ་རྒྱལ་སྲུང་དམག་གི་དམག་ཕྱོགས་འཐུས་མི་ཨ་ལུང་བཅས་ལས་གྲུབ་པའི་འཐུས་མི་ཚོགས་པ་ཚེས་15ཉིན་གཉེར་བའི་ཀ་ཧྲ་ཡི་དམག་མཚམས་འཇོག་རྒྱུའི་དབྱེན་འབྱེད་གྲོས་མོལ་ལ་མངགས་ཡོད་པ་རེད།

  ཧ་མ་སིས། ཐེངས་འདིའི་དབྱེན་འབྱེད་གྲོས་མོལ་ནང་ཞུགས་རྒྱུ་མིན་ཞེས་བཤད་ཡོད། ཧ་མ་སི་ཕྱོགས་ནས་བར་འདུམ་བྱེད་མཁན་ཕྱོགས་ཀྱིས་དབྱི་སི་རལ་གྱི་ཏན་ཏན་ཏིག་ཏིག་གི་ལན་ཆ་འཁྱེར་ནས་སྤེལ་རེས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གལ་ཏེ་དོན་དེ་ལེགས་སྒྲུབ་བྱུང་ཚེ། ཧ་མ་སིས་ཚེས་15ཉིན་གྱི་རྗེས་སུ་བར་འདུམ་བྱེད་མཁན་ཕྱོགས་དང་གྲོས་མོལ་བྱ་རྒྱུ་ཡིན་པ་རེད།

  ཚེས་13ཉིན་ཧ་མ་སིའི་དཔོན་རིགས་ཤིག་གིས། དེའི་གོང་ཨ་རིའི་སྨྱན་སྦྱོར་གྱིས་ཧ་མ་སིས་ད་ཐེངས་ཀྱི་ཀ་ཧྲ་ཡི་དམག་མཚམས་འཇོག་པའི་དབྱེན་འབྱེད་གྲོལ་མོལ་ནང་ཞུགས་རྒྱུའི་འཆར་གཞི་ཡོད་པའི་སྐོར་གྱི་གསར་འགྱུར་ནི་ནོར་འཁྲུལ་ཞིག་ཡིན་ཞེས་བཤད་ཡོད། ཁོང་གིས་ད་དུང་། ཧ་མ་སིས་ད་དུང་། ཁོང་ཚོའི་དགོས་མཁོ་ནི་ཕྱོགས་ཁག་དང་གྲོས་བསྡུར་བྱས་ཟིན་པའི་དམག་མཚམས་འཇོག་པའི་དབྱེན་འབྱེད་གྲོས་མོལ་ལག་བསྟར་བྱ་རྒྱུ་དེ་ཡིན་པ་ལས་རེས་སྐོར་གསར་པའི་དབྱེན་འབྱེན་གྲོས་མོལ་འགོ་འཛུགས་རྒྱུ་དེ་མིན་ཞེས་གསལ་བསྒྲགས་ཁ་གསལ་སྤེལ་ཡོད་ཅེས་ནན་སྟོན་བྱས་ཡོད། 

中央广播电视总台 央广网 版权所有

ཚེས་15ཉིན་རེས་སྐོར་གསར་པའི་ཀ་ཧྲ་ཡི་དམག་མཚམས་འཇོག་པའི་དབྱེན་འབྱེད་གྲོས་མོལ་བྱས་པ་དང་། ཧ་མ་སི་དབྱེན་འབྱེད་གྲོས་མོལ་ནང་ཞུགས་མེད་པ།

ཁོང་ཚོའི་དགོས་མཁོ་ནི་ཕྱོགས་ཁག་དང་གྲོས་བསྡུར་བྱས་ཟིན་པའི་དམག་མཚམས་འཇོག་པའི་དབྱེན་འབྱེད་གྲོས་མོལ་ལག་བསྟར་བྱ་རྒྱུ་དེ་ཡིན་པ་ལས་རེས་སྐོར་གསར་པའི་དབྱེན་འབྱེན་གྲོས་མོལ་འགོ་འཛུགས་རྒྱུ་དེ་མིན་ཞེས་གསལ་བསྒྲགས་ཁ་གསལ་སྤེལ་ཡོད་ཅེས་ནན་སྟོན་བྱས་ཡོད།