དབྱི་སི་རལ་གྱིས་ཀ་ཧྲ་རྒྱུད་ཀྱི་ཧན་ཉི་ཡུའི་སིའི་སྡོད་དམངས་ཁག་གཅིག་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཨ་རིས་དབྱི་སི་རལ་ཨ་སྒོར་དུང་ཕྱུར་200ཟིན་པའི་དམག་དོན་སྒྲིག་ཆས་བྲིན་འཚོང་བྱེད་ཆོག་པར་ཆོག་མཆན་སྤྲད་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས་13ཉིན་སྤེལ་བའི་དམག་འཐབ་གནས་ཚུལ་ལ་གཞིགས་ན། འདས་ཟིན་པའི་ཉིན་གཅིག་ནང་། དབྱི་སི་རལ་དམག་གི་ཧྲེ་ཤོག་98པས་ཀ་ཧྲ་ལྷོ་རྒྱུད་ཀྱི་ཧན་ཡིའུ་ཉི་སིར་དམག་དོན་བྱ་སྤྱོད་སྤེལ་བ་དང་། ཧ་མ་སི་སོགས་རྩ་འཛུགས་ཀྱི་དམག་དོན་རྟེན་གཞི་གཏོར་ཕམ་བཏང་བ་དང་ཧ་མ་སིའི་དྲག་ཆས་མི་སྣ་མང་པོ་ཞིག་བསད་ཡོད་པ་རེད།
ཧ་མ་སིའི་ཁོངས་སུ་གཏོགས་པའི་དམག་དོན་ཤོག་ཁག་ཁ་སང་ལུའི་ཤོག་གིས་ཚེས་13ཉིན་གྱི་ཕྱི་དྲོ་མེ་ཤུགས་འཕུར་མདེལ་M90གཉིས་བེད་སྤྱད་དེ་དབྱི་སི་རལ་གྱི་ཐེ་ཨ་ཝེ་ཕུའུ་དང་དེའི་ཉེ་འཁོར་ས་ཁུལ་ལ་འཇབ་རྒོལ་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། དབྱི་སི་རལ་དམག་གིས་མེ་ཤུགས་འཕུར་མདེལ་འཕེན་ས་དེ་ཧན་ཡིའུ་ཉི་སིའི་ཉེ་འགྲམ་དུ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད། ད་ཐེངས་ཀྱི་ཐེ་ལ་ཝེ་ཕུར་དུ་ཐོན་པའི་འཇབ་རྒོལ་ལ་ལན་ཆ་བྱེད་ཆེད་དུ་དབྱི་སི་རལ་དམག་གིས་ཚེས་13ཉིན་གྱི་དགོང་མོ་ཧན་ཡིའུ་ཉི་སིའི་ས་ཁུལ་དུ་སླར་ཡང“འདི་ནས་བྲལ་དགོས་པའི་བཀའ་རྒྱ”བཀྲམ་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཉེ་ཤར་ཕ་ལེ་སི་ཐན་ཡུལ་གྱར་བའི་མྱུར་སྐྱོབ་དང་ལས་གྲྭ་ཁང་གིས་ཚེས་13ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དབྱི་སི་རལ་དམག་གིས་ཁ་བྲལ་དགོས་པའི་བཀའ་རྒྱ་ཞེས་པ་རྒྱུན་ཆད་མེད་པར་བཀྲམ་པའི་གནས་ཚུལ་འོག ཀ་ཧྲ་རྒྱུད་ཀྱི་ཡུལ་གྱར་བའི་སྐྱོ་གར་དེ་མུ་མཐུད་ཐོན་བཞིན་ཡོད་པ་དང་། མངའ་ཁོངས་ཧྲིལ་པོའི་བརྒྱ་ཆ་84ལ་ཉེ་བའི་ས་ཁུལ་དུ་དེ་སྔ་དབྱི་སི་རལ་དམག་གི་ཁ་བྲལ་དགོས་ཞེས་པའི་ཉེན་བརྡ་འབྱོར་མྱོང་ཡོད་པ་རེད།
ཀ་ཧྲ་རྒྱུད་ཀྱི་འཕྲོད་བསྟེན་སྡེ་ཁག་གིས། ཚེས་9ཉིན་སྐྱེས་པའི་མཚེ་མ་གཅིག་དབྱི་སི་རལ་དམག་གིས་ཚེས་13ཉིན་སྤེལ་བའི་མཁའ་ཐོག་འཇབ་རྒོལ་བྱ་འགུལ་ནང་རྐྱེན་ལམ་དུ་ཤོར་ཡོད། ན་ནིང་ཟླ་10ཚེས་7ཉིན་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐོན་ནས་ད་བར་དུ་ཀ་ཧྲ་རྒྱུད་ཀྱི་ཕྲུ་གུ་དམར་འབྱར་རྐྱེན་ལམ་དུ་ཤོར་ཚད་115ཟིན་ཡོད་ཅེས་བརྗོད་པ་རེད།
ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས་ཚེས་13ཉིན་དབྱི་སི་རལ་ལ་རིན་ཐང་ཨ་སྒོར་དུང་ཕྱུར་200ལས་བརྒལ་བ་ཟིན་པ་དམག་དོན་སྒྲིག་ཆས་འཚོང་རྒྱུར་ཆོག་མཆན་བཀོད་པ་རེད།