ལྗར་པན་གྱི་ས་ཆ་མང་པོར་ས་ཡོམ་ཆེ་མོར་ཟོན་གྲབས་བྱེད་པའི་ལས་དོན་སྤེལ་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ཉིན་ཤས་བསྟུད་མར། ལྗར་པན་གྱི་ས་ཆ་མང་པོར་ས་ཡོམ་ཆེ་མོའི་ཟོན་གྲབས་ལས་དོན་སྤེལ་ཡོད། མིག་སྔར། ཀའོ་ཀྲེ་རྫོང་དང་། ཧེ་ཀོ་ཧྲན་རྫོང་དེ་བཞིན་ཨའེ་ཀྲེ་རྫོང་སོགས་ས་ཆར་རིམ་རྩིས་བྱས་ན་ཉེན་གཡོལ་ཁུལ་ཉུང་མཐར་ཡང་139བཙུགས་ཡོད། ལྗར་པན་གནམ་གཤིས་ལས་ཁུངས་ཀྱིས་ཚེས་12ཉིན། ཉིན་དེའི་ཉིན་དགུང་བར། ལྷོ་རྒྱ་མཚོའི་མཚོ་ནང་གི་ས་ཡོམ་ཆེ་མོའི་བསམ་ཚོད་བྱས་པའི་ཡོམ་ཁོངས་སུ་ས་ཡོམ་གྱི་གནས་ཚུལ་དང་ས་ཤུན་འགུལ་སྐྱོད་རྒྱུན་གཏན་མིན་པ་ལྟ་ཞིབ་ཚད་ལེན་ཐུབ་མེད། གནམ་གཤིས་ལས་ཁུངས་ཀྱིས་འབྲེལ་ཡོད་འགུལ་ཕྱོགས་ལ་མུ་མཐུད་དོ་འཁུར་དམ་ཟབ་བྱས་ནས། མང་ཚོགས་ཀྱིས་སྲིད་གཞུང་ཚན་པའི་དྲན་སྐུལ་གཞིར་བཟུང་གནོད་འཚེར་དོགས་ཟོན་བྱེད་པའི་བྱ་ཐབས་བཟུང་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།