ཨུ་རུ་སུས་ཁུའར་སེ་ཁེ་མངའ་སྡེར་གཏན་སྡོད་ཁུལ་28དང་མི་2000ལྷག་ཡུག་རེན་དམག་གིས་ཚོད་འཛིན་བྱས་ཡོད་ཅེས་བརྗོད་པ་དང་། ཡུག་རེན་གྱིས་དམག་རྒྱག་མུས་ཡིན་ཞེས་བརྗོད་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་ཁུའར་སེ་ཁེ་མངའ་སྡེའི་ལས་ཚབ་འགོ་འཛིན་གྱིས་ཚེས་12ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་སྙན་གསེང་ཞུས་ཏེ། ཁུའར་སེ་ཁེ་མངའ་སྡེར་གཏན་སྡོད་ཁུལ་28དང་མི་2000ལྷག་ཡུག་རེན་དམག་གིས་ཚོད་འཛིན་བྱས་ཡོད། མིག་སྔར་ཁུའར་སེ་ཁེ་མངའ་སྡེས་མཐའ་མཚམས་ས་ཁུལ་ནས་རིམ་རྩིས་བྱས་ན་མི་ཁྲི་12.1ཁ་བཀྲམ་ཟིན་ཞེས་བརྗོད་ཡོད། ཕུའུ་ཅིང་གིས། མིག་སྔར་ཁུའར་སེ་ཁེ་མངའ་སྡེར་ཛ་དྲག་ཤོས་དང་གལ་ཆེ་ཤོས་ནི་ངེས་པར་དུ་ཡུག་རེན་དམག་མི་ཨུ་རུ་སུའི་མངའ་ཁོངས་ས་ཆ་ནས་འཕྲལ་དུ་ཕྱིར་འབུད་གཏོང་རྒྱུ་དེ་ཡིན་ཞེས་བརྗོད་ཡོད། ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་དམག་སྤྱིས་ཚེས་12ཉིན། ཡུག་རེན་དམག་གིས་ཁུའར་སེ་ཁེ་མངའ་སྡེར་དཔུང་འཇུག་བྱེད་བཞིན་ཡོད་ཅེས་བསྟན་ཡོད།