ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་སི་རལ་དམག་གིས་ཀ་ཧྲ་ས་རྒྱུད་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཁྲོད་ཉུང་མཐར་ཡང་མི་ཁྲི་བཞི་རྐྱེན་ལམ་དུ་ཤོར་ཡོད་པ།

2024-08-13 10:55:00     责编:娜科

    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  ཕ་ལི་སི་ཐན་ཀ་ཧྲ་ས་རྒྱུད་ཀྱི་འཕྲོད་བསྟེན་ཚན་པས་ཚེས་12ཉིན་གསལ་བསྒྲགས་སྤེལ་ནས། ན་ནིང་ཟླ་10པར་རེས་སྐོར་གསར་པའི་ཕ་ལི་སི་ཐན་དང་དབྱི་སི་རལ་དབར་གདོང་གཏུག་ཐོན་ཚུན། དབྱི་སི་རལ་གྱིས་ཀ་ཧྲ་ས་རྒྱུད་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཁྲོད་ཕ་ལི་སི་ཐན་བ་39897རྐྱེན་ལམ་དུ་ཤོར་ཡོད་པ་མ་ཟད། གཞན་ད་དུང་མི་92152ལ་རྨས་སྐྱོན་ཕོག་ཡོད་ཅེས་འཁོད་ཡོད།

   གསལ་བསྒྲགས་ནང་། འདས་ཟིན་པའི་ཆུ་ཚོད་48ནང་། དབྱི་སི་རལ་དམག་གིས་ཀ་ཧྲ་ས་རྒྱུད་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཁྲོད་མི་142རྐྱེན་ལམ་དུ་ཤོར་བ་དང་། མི་150ལ་རྨས་སྐྱོན་ཕོག་ཡོད། རྨས་མ་མང་པོ་ཞིག་ད་དུང་ཞིབ་རོའི་འོག་ཏུ་ལུས་ཡོད་པས། མྱུར་སྐྱོབ་རླངས་འཁོར་དང་མི་སྣ་དེ་གར་བསྐྱོད་ཐབས་བྲལ་ཡོད་ཅེས་བསྟན་ཡོད།

    ཀ་ཧྲ་ས་རྒྱུད་ཀྱི་སྨྱན་སྦྱོར་གཞུང་ལས་ཁང་གིས་ཚེས་12ཉིན་གནས་ཚུལ་སྤེལ་ནས། མིག་སྔའི་བར་རེས་སྐོར་འདིའི་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གདོང་གཏུག་ཁྲོད་ཀ་ཧྲ་ས་རྒྱུད་དུ་སྨན་དོན་མི་སྣ་885རྐྱེན་ལམ་དུ་ཤོར་ཡོད་པ་དང་། སྨན་ཁང་34གདོང་གཏུག་ཁྲོད་ཞབས་ཞུ་བྱེད་མཚམས་བཞག་པ་དང་སྨན་བཅོས་ལྟེ་གནས་80སྒོ་མི་རྒྱག་ཀ་མེད་ཐུག་ཡོད་ཅེས་བརྗོད་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་དྲུང་ཆེའི་མགྲིན་ཚབ་པའི་གཞུང་ལས་ཁང་གིས་ཚེས་12ཉིན་གསལ་བསྒྲགས་སྤེལ་ནས། ཀུའུ་ཐེ་ལེ་སེས་ཀ་ཧྲ་ས་རྒྱུད་དུ་བུད་མེད་དང་བྱིས་པ་ཚུད་པའི་མི་རྣམས་ལ་ཚེ་སྲོག་གི་གྱོང་གུན་ཕོག་པའི་དོན་རྐྱེན་རྒྱུད་མཐུད་ཐོན་པར་སྐྱོན་འཛུགས་བྱས་ཡོད། གསལ་བསྒྲགས་ནང་། གདོང་གཏུག་ཕྱོགས་གཉིས་པོས་སླར་ཡང་དབྱེན་འབྱེད་གྲོས་མོལ་བྱ་རྒྱུའི་ནང་ཞུགས་པ་མ་ཟད་དམག་མཚམས་འཇོག་པ་དང་བཙན་ཉར་བྱས་པའི་མི་སྣ་གློད་དཀྲོལ་གྱི་གྲོས་མཐུན་ཡོང་བ་བྱེད་པའི་སྐུལ་མ་བཏང་ཡོད། གཞན་ཡང་། ཀུའུ་ཐེ་ལེ་སེས་མང་ཚོགས་ལ་སྲུང་སྐྱོང་ཐུབ་པའི་འགན་ལེན་བྱེད་དགོས་པ་མ་ཟད་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ཀ་ཧྲ་རུ་བདེ་བླག་ངང་ཤར་བགྲོད་ཐུབ་པ་དང་། བདེ་འཇགས་ངང་གནས་དེར་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས་ཞེས་སླར་ཡང་ནན་བཤད་བྱས་ཡོད་ཅེས་བསྟན་ཡོད།

中央广播电视总台 央广网 版权所有

དབྱི་སི་རལ་དམག་གིས་ཀ་ཧྲ་ས་རྒྱུད་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཁྲོད་ཉུང་མཐར་ཡང་མི་ཁྲི་བཞི་རྐྱེན་ལམ་དུ་ཤོར་ཡོད་པ།

ཀུའུ་ཐེ་ལེ་སེས་མང་ཚོགས་ལ་སྲུང་སྐྱོང་ཐུབ་པའི་འགན་ལེན་བྱེད་དགོས་པ་མ་ཟད་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ཀ་ཧྲ་རུ་བདེ་བླག་ངང་ཤར་བགྲོད་ཐུབ་པ་དང་། བདེ་འཇགས་ངང་གནས་དེར་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས་ཞེས་སླར་ཡང་ནན་བཤད་བྱས་ཡོད་ཅེས་བསྟན་ཡོད།