དབྱི་རག་ནུབ་རྒྱུད་ཨན་པེར་མངའ་སྡེར་བཅའ་སྡོད་ཨ་རིའི་དམག་གི་ཨ་ས་ཏེ་མཁའ་དམག་རྟེན་གཞིར་མེ་ཤུགས་འཕུར་མདེལ་བཞི་ཡིས་འཇབ་རྒོལ་ཕོག་པ་དང་། མི་སྣ་འཆི་རྨས་བཟོས་མེད་པ་རེད།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་རག་དམག་ཕྱོགས་གནས་ཚུལ་ཤེས་མཁན་མི་སྣས་ཚེས་5ཉིན། རྒྱལ་ཁབ་དེའི་ནུབ་རྒྱུད་ཨན་པེར་མངའ་སྡེར་བཅའ་སྡོད་ཨ་རིའི་དམག་གི་ཨ་ས་ཏེ་མཁའ་དམག་རྟེན་གཞིར་ཉིན་དེའི་དགོང་མོ་མེ་ཤུགས་འཕུར་མདེལ་བཞི་ཡིས་འཇབ་རྒོལ་ཕོག་ཡོད་པ་དང་། མི་སྣ་འཆི་རྨས་བཟོས་མེད་པ་རེད། ཨ་ས་ཏེ་མཁའ་དམག་རྟེན་གཞི་ནི་དབྱི་རག་ཏུ་ཡོད་པའི་མཁའ་དམག་རྟེན་གཞི་ཆེ་གྲས་གཉིས་པ་ཡིན་པ་དང་། དམག་དོན་བློ་འདྲི་དང་གསང་འཕྲིན། མྱུལ་ཞིབ། སྦྱོང་བརྡར་བྱེད་མཁན་ལས་དོན་པ་བཅས་ཚུད་པའི་ཕྱིའི་རྒྱལ་ཁབ་ཀྱི་མི་སྣ་ཉུང་ཤས་ཤིག་འདི་གར་བཅའ་སྡོད་བྱས་ཡོད་པ་རེད། མིག་སྔར་དོན་རྐྱེན་དེ་ཁས་ལེན་མཁན་སྒྲིག་འཛུགས་དང་མི་སྒེར་སུ་ཞིག་ཀྱང་མེད་པ་རེད།