ལི་པ་ནོ་སྐྱབས་མགོན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་ནཱ་དབྱི་མུའུ་ཁ་ཤིས་མུའུ་དབྱི་རན་གྱི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ཐུང་ཧྥེ་ཙེ་ཤིས་ཅི་ཡང་གི་འགན་བཞེས་དམ་འཇོག་མཛད་སྒོར་ཞུགས་པ།
2024-07-31 11:27:00 责编:娜科
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལི་པ་ནོན་སྐྱབས་མགོན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་ནཱ་དབྱི་མུའུ་ཁ་ཤིས་མུའུ་ནས་ཟླ་7ཚེས་30ཉིན་དབྱི་རན་གྱི་རྒྱལ་ས་ཏེ་ཧེ་ལན་དུ་འཚམས་འདྲིར་སླེབས་པ་དང་། དབྱི་རན་གྱི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ཐུང་ཧྥེ་ཙེ་ཤིས་ཅི་ཡང་གི་འགན་བཞེས་དམ་འཇོག་མཛད་སྒོར་ཞུགས་ཡོད། དབྱི་རན་གྱི་ཆེས་མཐོའི་འགོ་ཁྲིད་མི་སྣ་ཧ་མེ་ནའེ་དབྱིས་ཁ་ཤིས་མུའུ་དང་མཇལ་འཕྲད་བྱས་པ་རེད།