ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་སྤྱིའི་མི་སྣས་ཀྲུང་གོས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་སྤུས་མཐོའི་གོང་འཕེལ་ལ་རོགས་འདེགས་བྱེད་པ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་ཆེད་མིག་དཔེ་བཏོད་ཡོད་ཅེས་བསྟན་པ།

2024-07-19 10:56:00     责编:娜科
    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  སྐོང་འཚོགས་བྱེད་བཞིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད།  རྒྱལ་ཁབ་མང་པོའི་མི་སྣས།  ཀྲུང་གོས་སྒྱུར་བཅོས་སྒོ་འབྱེད་ལ་མུ་མཐུད་ནས་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།  ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་དུས་རབས་ཀྱི་ལེའུ་གསར་པ་ཞིག་འགོ་རྩོམ་པ་བརྒྱུད།  གོ་ལ་ཧྲིལ་པོའི་གོང་འཕེལ་ལ་མིག་དཔེ་གཏོད་པ་དང་།  ཐུན་མོང་གོང་འཕེལ་དང་འབྱོར་ཕྱུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན་ཡོད། 

    ཕ་ཁི་སི་ཐན་གྱི་ཨེ་ཤ་ཡའི་འབྱུང་ཁམས་དཔལ་ཡོན་ཞིབ་འཇུག་དང་གོང་འཕེལ་ཞིབ་འཇུག་སོའོ་ཡི་དབུ་བཞུགས་ལག་བསྟར་དཔོན་ཧྲ་ཅིར་ལ་མའེ་ཡིས།  ཀྲུང་གོའི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དེས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་ཡིན་པ་དང་།  ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་རེད།  མ་ཟད་གོ་ལ་ཧྲིལ་པོའི་དཔལ་འབྱོར་གོང་འཕེལ་དང་གོ་ལ་ཧྲིལ་པོའི་ཞི་བདེར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཡོད།  ཁོང་གིས།  ཀྲུང་གོར་ལག་རྩལ་གསར་སྐྲུན་དང་གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་སུ་གོང་འཕེལ་མྱུར་པོ་བྱུང་བ་དང་གྲུབ་འབྲས་གང་ལེགས་ཐོབ་ཡོད།  དེ་དང་ཆབས་ཅིག་ཏུ་ཀྲུང་གོས་འཛམ་གླིང་དབར་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཧུར་ཐག་བྱེད་བཞིན་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་དར་ལམ་གློག་རྡུལ་ཚོང་དོན་གྱི་མཉམ་ལས་སྔོན་སྐྱོད་ཁུལ་འཛུགས་རྒྱུ་ཡིན་ཞིང་།  དེས་རྒྱལ་ཁབ་མང་པོ་གློག་རྡུལ་ཚོང་དོན་ཁྱབ་ཁོངས་དེའི་ནང་ཁྲིད་ཐུབ་རྒྱུ་རེད་ཅེས་བསྟན་གནང་ཡོད། ཀྲུང་གོས་ད་དུང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ཞིང་ལས་དེང་རབས་ཅན་མངོན་འགྱུར་ཡོང་བར་རོགས་རམ་བྱེད་བཞིན་ཡོད་ཅེས་གསུངས་ཡོད།

    ཝེ་ཐེ་ནམ་དང་ཀྲུང་གོ་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རོན་རུང་ཀོང་གིས།  ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་གོའི་འབྱུང་འགྱུར་གོང་འཕེལ་ལ་འཆར་འགོད་གང་འདྲ་བྱེད་མིན་དེར་ང་ཚོས་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།  ཀྲུང་གོས་སྒྱུར་བཅོས་ཁྱོན་ཡོང་ནས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་རྒྱུ་རེད།  དེས་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་དེ་སྔར་བས་མཉེན་ཤུགས་ལྡན་པ་ཞིག་ཏུ་འགྱུར་རྒྱུ་རེད་ལ།  ས་ཁུལ་དང་འཛམ་གླིང་གི་གོང་འཕེལ་ལ་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་གསུངས་ཡོད།

  རྒྱལ་ཁབ་མང་པོའི་མི་སྣས། ཀྲུང་གོས་གནོད་མེད་གོང་འཕེལ་ལ་དང་དོད་ཆེན་པོ་བྱེད་པ་དང་།  ཚན་རྩལ་གསར་སྐྲུན་ལ་གཡུར་ཟའི་གྲུབ་བཟང་སྨིན་རྒྱུ་དོན་གཉེར་བྱེད་བཞིན་ཡོད།  ཀྲུང་གོའི་སྤུས་མཐོའི་གོང་འཕེལ་གྱི་ཉམས་མྱོང་དེས་འཛམ་གླིང་ལ་ཕན་པ་བསྐྲུན་རྒྱུ་རེད་ཅེས་བསྟན་ཡོད།  

    འཇར་མན་གྱི་མན་ཧའེ་མུའུ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ཟུར་པ་ནུའོ་པོ་ཐེ་·ཨེ་གྷེར་གྱིས། ཉེ་བའི་ལོ་ཤས་ནང་ཀྲུང་གོས་རྒྱལ་སྤྱིར་ཆེད་ཁེ་བདག་ཐོབ་རེ་ཞུ་བརྒྱབ་པའི་གྲངས་འབོར་དེ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།  དེ་ནི་ཧང་སངས་དགོས་པ་ཞིག་རེད།  དཔལ་འབྱོར་གྱི་ཁྱབ་ཁོངས་དང་ཚན་རིག་ལག་རྩལ་གྱི་ཁྱབ་ཁོངས་ཚང་མར་སྣང་ཚུལ་གལ་ཆེན་དེ་ཐོན་བཞིན་ཡོད།  ཀྲུང་གོས་རྒྱལ་སྤྱིའི་ཉོ་ཚོང་ཁྲོད་ནུས་པ་ཧ་ཅང་ཆེན་པོ་འདོན་བཞིན་ཡོད།  ཀྲུང་གོ་ཡག་པོ་བྱུང་ན་ད་གཟོད་འཛམ་གླིང་དེ་བས་ཡག་པ་ཡོང་ཐུབ་ཅེས་གསུངས་ཡོད།

  ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་སྲིད་ཇུས་ཞིབ་འཇུག་ཁང་རྒྱལ་སྤྱིའི་འབྲེལ་བའི་རིགས་གཅིག་མཁས་ཅན་ཁར་ཝེན་·ཁོ་དབྱི་ཡིས། ཀྲུང་གོས་སྔར་བར་ཕྱི་གསུམ་དུ་འཛམ་གླིང་དབར་གོང་འཕེལ་གྱི་གྲུབ་འབྲས་དང་ཉམས་མྱོང་མཉམ་སྤྱོད་བྱེད་བཞིན་ཡོད།  ཅ་ཁར་ཐ་ནས་ཝན་ལུང་དབར་གྱི་མྱུར་བགྲོད་ལྕགས་ལམ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་༼རྒྱུད་གཅིག་ལམ་གཅིག་༽མཉམ་སྐྲུན་བྱ་རྒྱུ་ལེགས་གྲུབ་བྱུང་བའི་དཔེ་མཚོན་ཞིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད་ལ་འཛམ་གླིང་ལ་ཀྲུང་གོའི་སྟོབས་ཤུགས་མངོན་ཡོད།  ང་ཚོས་ད་དུང་ཀྲུང་གོའི་དབར་སྦགས་མེད་དཔལ་འབྱོར་སོགས་ཁྱབ་ཁོངས་ནང་མཉམ་ལས་དེ་བས་མང་བ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་ཡོད།

    ཁོ་ཐེ་ཏི་ཝོར་གྱི་ཀྲུང་གོ་ཞིབ་འཇུག་དང་གོང་འཕེལ་ལྟེ་གནས་ཀྱི་དྲུང་ཆེ་ཤིན་གྷེ་པ་ཅ་·ས་ལི་ཧྥུའུ་·ཁུ་རི་པ་རི་ཡིས།  ཀྲུང་གོས་ད་ལྟ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལག་ལེན་ངོ་མའི་ཐོག་ནས་དོན་འཁྱོལ་བྱེད་བཞིན་ཡོད་ཅིང་།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པའི་ངོས་འཛིན་གནང་ཡོད།  ཁོང་གིས།  ཀྲུང་གོས་མུ་མཐུད་ནས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་བརྒྱུད།  ཀྲུང་གོས་ཁྱབ་ཁོངས་མང་པོའི་ནང་གི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ཡིད་ཆེས་ཡོད།  དེ་ནི་གོ་ལ་ཧྲིལ་པོའི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེ་བ་ཞིག་རེད།  དེས་ཨ་ཧྥེ་རི་ཁར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུ་ཡང་ཨ་ཅང་བརྗོད་མེད་ཅིག་རེད།  ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པི་རང་དུ་ཉེ་བའི་ལོ་ཤས་ནང་ཀྲུང་གོ་ནས་སླེབས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་འབོར་ཆེན་འདུག  ཀྲུང་གོས་ཉི་ནུས་དང་སླར་སྐྱེ་རུང་བའི་ནུས་རྒྱུའི་ཁྱབ་ཁོངས་སུ་འཛམ་གླིང་གོང་འཕེལ་གྱི་སྣེ་ཁྲིད་ཐུབ་པ་མ་ཟད་དེའི་ཐད་སྟོབས་ཤུགས་ཆེན་པོ་ལྡན་ཡོད།  མ་ཟད་རྒྱལ་ཁབ་མང་པོས་ཀྲུང་གོའི་གོང་འཕེལ་གྱི་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད། 

中央广播电视总台 央广网 版权所有

རྒྱལ་སྤྱིའི་མི་སྣས་ཀྲུང་གོས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་སྤུས་མཐོའི་གོང་འཕེལ་ལ་རོགས་འདེགས་བྱེད་པ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་ཆེད་མིག་དཔེ་བཏོད་ཡོད་ཅེས་བསྟན་པ།

ཁོ་ཐེ་ཏི་ཝོར་གྱི་ཀྲུང་གོ་ཞིབ་འཇུག་དང་གོང་འཕེལ་ལྟེ་གནས་ཀྱི་དྲུང་ཆེ་ཤིན་གྷེ་པ་ཅ་·ས་ལི་ཧྥུའུ་·ཁུ་རི་པ་རི་ཡིས། ཀྲུང་གོས་ད་ལྟ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལག་ལེན་ངོ་མའི་ཐོག་ནས་དོན་འཁྱོལ་བྱེད་བཞིན་ཡོད་ཅིང་།