ཧ་མ་སི་དང་དབྱི་སི་རལ་གྱིས་ཁག་བདུན་པའི་བཀག་ཉར་བྱས་པའི་མི་སྣ་བརྗེ་པོ་རྒྱག་རེས་བྱས་པ།
ཅེབ་རུ་ས་ལམ་དུ་ཉིན་དེར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་པ་དང་། དོན་རྐྱེན་དེའི་ནང་མི་3རྐྱེན་ལམ་དུ་ཤོར་བ་དང་མི་6ལ་རྨས་སྐྱོན་བཟོས་ཡོད། མེ་མདའ་རྒྱག་མཁན་གཉིས་ཀྱིས་ཅེབ་རུ་ས་ལམ་གྱི་ཝེ་ཙེ་མའེ་སྲང་ལམ་ཆེན་མོར་རླངས་འཁོར་ལས་བབས་ཏེ། སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་སུ་རླངས་འཁོར་སྒུག་མཁན་མི་ཚོགས་ལ་མེ་མདའ་བརྒྱབ་ཡོད། དེ་འཕྲལ་ཡུལ་དངོས་སུ་ཡོད་པའི་དབྱི་སི་རལ་གྱི་དམག་མི་དང་མི་སེར་གྱིས་མེ་མདའ་རྒྱག་མཁན་ལ་འཁོན་ལན་སློག་པ་དང་། མེ་མདའ་རྒྱག་མཁན་དེ་གཉིས་བསད་ཡོད་པ་རེད། དེ་རྗེས་ཧ་མ་སིས་འཇབ་རྒོལ་དོན་རྐྱེན་དེར་འགན་འཁུར་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
དབྱི་སི་རལ་ཕྱི་འབྲེལ་པུའུ་ཀྲང་ཁོ་ཐེན་གྱིས་ཟླ་11ཚེས་30ཉིན། སེ་ཕན་དུ་ཡོད་པའི་རྒྱལ་ཁབ་དེའི་གཞུང་ཚབ་ཆེན་མོ་བ་ཚུར་བཀུག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། སེ་ཕན་གྱི་དབུ་ཞུགས་བློན་ཆེན་སང་ཅེ་སིས་ཉིན་དེའི་སྔ་ཙམ་ལ་སེ་ཕན་སྨྱན་སྦྱོར་ལས་ཁུངས་ཀྱིས་བཅར་འདྲི་དང་ལེན་གནང་སྐབས། དབྱི་སི་རལ་གྱིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་མིན་ཐད་དོགས་འཆར་ཆེན་པོ་འདུག་ཅེས་བཤད་པ་རེད།