ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཧ་མ་སི་དང་དབྱི་སི་རལ་གྱིས་བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་ཐེངས་ལྔ་པ་བྱེད་འགོ་ཚུགས་པ།

2023-11-30 08:57:00     责编:娜科
     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས་28ཉིན་གྱི་དགོང་མོ་གསལ་བསྒྲགས་སྤེལ་ནས། ཧ་མ་སིའི་ཕྱོགས་ནས་ཉིན་དེའི་དགོང་མོ་གློད་འགྲོལ་བཏང་བའི་ཁག་ལྔ་པའི་བཀག་ཉར་བྱས་པའི་མི་སྣ་དབྱི་སི་རལ་གྱི་མངའ་ཁོངས་སུ་སླེབས་ཡོད་ཅིང་། དེའི་ནང་དབྱི་སི་རལ་གྱི་བཀག་ཉར་བྱས་པའི་མི་10དང་བཀག་ཉར་བྱས་པའི་ཕྱི་རྒྱལ་གྱི་མི་2ཚུད་ཡོད་ཅེས་བརྗོད་པ་རེད།

གཞན་ཡང་ས་གནས་དེ་གའི་སྨྱན་སྦྱོར་ལས་ཁུངས་མང་པོ་ཞིག་གིས་གནས་ཚུལ་སྤེལ་ནས། དབྱི་སི་རལ་ཕྱོགས་ནས་ཚེས་28ཉིན་གྱི་དགོང་མོ་བཀག་ཉར་བྱས་པའི་ཕ་ལེ་སི་ཐན་བ་གློད་འགྲོལ་གཏོང་ཐེངས་ལྔ་པའི་སྤྱི་འབོར་མི་གྲངས་30ཟིན་ཡོད་པ་དང་། དེའི་ནང་བུད་མེད་15དང་ནར་མ་སོན་པའི་མི་15ཚུད་ཡོད་ཅེས་བཤད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཉེ་ཤར་ཕ་ལེ་སི་ཐན་གྱི་ཡུལ་གྱར་བའི་རོགས་སྐྱོབ་དང་ལས་གྲྭ་ཁྲུའུ་ཡི་མགྲིན་ཚབ་པས་ཚེས་28ཉིན། སྔོན་དཔག་བྱས་ན་ཉིན་དེར་རོགས་སྐྱོབ་ལྗིད་ཐེགས་རླངས་འཁོར་100ཀ་ཧྲ་བྱང་རྒྱུད་དུ་སླེབས་པ་མ་ཟད། མཚོ་ཆུ་ཚྭ་མེད་དུ་འགྱུར་བའི་བཟོ་གྲྭ་ཁག་ཅིག་ལ་འབར་རྒྱུ་མཁོ་འདོན་བྱེད་འགོ་ཚུགས་ཡོད་ཅེས་བརྗོད་པ་རེད།

中央广播电视总台 央广网 版权所有

ཧ་མ་སི་དང་དབྱི་སི་རལ་གྱིས་བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་ཐེངས་ལྔ་པ་བྱེད་འགོ་ཚུགས་པ།

མཚོ་ཆུ་ཚྭ་མེད་དུ་འགྱུར་བའི་བཟོ་གྲྭ་ཁག་ཅིག་ལ་འབར་རྒྱུ་མཁོ་འདོན་བྱེད་འགོ་ཚུགས་ཡོད་ཅེས་བརྗོད་པ་རེད།