ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུས་ཨུ་རུ་སུའི་དམག་གིས་ཡུག་རེན་དམག་གི་དཔུང་འཇུག་ཕྱིར་བཤོལ་བཏང་ཡོད་ཅེས་བརྗོད་པ་དང་། ཡུག་རེན་གྱིས་ཡུག་རེན་དམག་གིས་མུ་མཐུད་དེ་དམག་ས་བརྟན་སྲུང་བྱེད་བཞིན་ཡོད་ཅེས་བརྗོད་པ།

2023-11-28 11:34:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་རྒྱལ་སྲུང་པུས་ཚེས་27ཉིན་བརྡ་ཁྱབ་བཏང་ནས། ཨུ་རུ་སུའི་དམག་གིས་ཁུ་ཕི་ཡང་སི་ཁེ་དང་བཀྲ་ཕོ་ལུའོ་རེ། ཧོར་སུང་སོགས་ཕྱོགས་སུ་དཔུང་འཇུག་བྱེད་བཞིན་པའི་ཡུག་རེན་དམག་ཕྱིར་བཤོལ་བཏང་བ་དང་། ཏུན་ཉི་ཚེ་ཁེ་དང་ལྷོ་ཏུན་ཉི་ཚེ་ཁེའི་ཕྱོགས་སུ་ཡོད་པའི་ཡུག་རེའུན་དམག་གི་སྐྱེ་ལྡན་སྟོབས་ཤུགས་དང་གོ་མཚོན་ལ་རྡུང་རྡེག་བཏང་ཡོད་ཅེས་བརྗོད་པ་རེད། ཡུག་རེན་དམག་ཕྱོགས་ཀྱིས་ཚེས་27ཉིན། ཡུག་རེན་དྲག་ཆས་དཔུང་སྡེས་ཧོར་སུང་ས་ཁུལ་གྱི་ཏི་ནའེ་པོ་ཆུ་བོའི་གཡོན་འགྲམ་དམག་ས་བརྟན་སྲུང་བྱེད་བཞིན་ཡོད། ཡུག་རེན་མེ་ཤུགས་འཕུར་མདེལ་དང་མེ་སྒྱོགས་དམག་དཔུང་སྡེས་ཨུ་རུ་སུའི་གོ་མཚོན་སྒྲིག་ཆས་གཅིག་བསྡུས་ཁུལ་ལ་རྡུང་རྡེག་བཏང་ཡོད་ཅེས་བརྗོད་པ་རེད།

  ཨུ་རུ་སུའི་ནུས་ཁུངས་པུས་ཚེས་27ཉིན་བརྡ་ཁྱབ་བཏང་ནས། ཚེས་26ཉིན་རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་ཏུ་གངས་ཆར་འབབ་འགོ་ཚུགས་པ་དང་རླུང་བུ་དྲག་པོ་ལྡང་བའི་གནམ་གཤིས་བསྟན་ཡོད་ཅིང་། གང་དེས་གྲོང་མི་ས་ཡ་གཅིག་ཉིས་འབུམ་ལྷག་ཙམ་གྱི་གློག་ཆད་ཡོད་པ་དང་། ཨུ་རུ་སུའི་ལྷོ་རྒྱུད་མཉམ་འབྲེལ་ས་ཁུལ་དུ་གྲོང་མི་2རྐྱེན་ལམ་དུ་ཤོར་ཡོད། གཞན་ཡང་མི་9ལ་རྨས་སྐྱོན་བཟོས་ཡོད་ཅེས་བསྟན་འདུག ཡུག་རེན་ཕྱོགས་ནས། ས་གནས་དེ་གའི་དུས་ཚོད་ཚེས་27ཉིན་གྱི་ཆུ་ཚོད་12པའི་བར། གང་རླུང་ལྡང་ཞིང་གངས་ཆེན་བབས་པ་སོགས་ཀྱི་གནམ་ངན་བསྟན་པའི་དབང་གིས་ཨའོ་ཏེ་ས་ས་ཁུལ་དུ་མི་13ལ་རྨས་སྐྱོན་བཟོས་ཡོད། ཡུག་རེན་དུ་ཁྱོན་མྱུར་བགྲོད་གཞུང་ལམ་14ཡི་རྒྱུན་ལྡན་འགྲིམ་འགྲུལ་ལ་འགོག་རྐྱེན་བཟོས་ཡོད་པ་དང་། ཁུལ་16གི་གཏན་སྡོད་ཁུལ་2019ཡི་གློག་ཆད་ཡོད་ཅེས་བརྗོད་པ་རེད།

中央广播电视总台 央广网 版权所有

ཨུ་རུ་སུས་ཨུ་རུ་སུའི་དམག་གིས་ཡུག་རེན་དམག་གི་དཔུང་འཇུག་ཕྱིར་བཤོལ་བཏང་ཡོད་ཅེས་བརྗོད་པ་དང་། ཡུག་རེན་གྱིས་ཡུག་རེན་དམག་གིས་མུ་མཐུད་དེ་དམག་ས་བརྟན་སྲུང་བྱེད་བཞིན་ཡོད་ཅེས་བརྗོད་པ།

ཨུ་རུ་སུའི་ནུས་ཁུངས་པུས་ཚེས་27ཉིན་བརྡ་ཁྱབ་བཏང་ནས། ཚེས་26ཉིན་རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་ཏུ་གངས་ཆར་འབབ་འགོ་ཚུགས་པ་དང་རླུང་བུ་དྲག་པོ་ལྡང་བའི་གནམ་ག