ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཧ་མ་སི་དང་དབྱི་སི་རལ་གྱིས་ཁག་བཞི་པའི་བཀག་ཉར་བྱས་པའི་མི་སྣ་གློད་གྲོལ་བཏང་ཡོད་པ་དང་། ཕྱོགས་གཉིས་པོས་ཀ་ཧྲ་ས་རྒྱུད་ཀྱི་དམག་མཚམས་འཇོག་པའི་དུས་ཡུན་དེ་ཉིན་གཉིས་ནར་འགྱངས་གཏོང་རྒྱུའི་མོས་མཐུན་བྱས་པ།

2023-11-28 11:33:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཕ་ལེ་སི་ཐན་དབྱི་སི་རལ་འགོག་རྒོལ་ལས་འགུལ་ཧ་མ་སི་དང་དབྱི་སི་རལ་གྱིས་ཚེས་27ཉིན་དེའི་གོང་གྲོས་འཆམ་བྱུང་བའི་གནས་སྐབས་དམག་མཚམས་འཇོག་པའི་གྲོས་ཆོད་དེ་ཉིན་གཉིས་ནར་འགྱངས་གཏོང་རྒྱུའི་མོས་མཐུན་བྱས་ཡོད། ཧ་མ་སི་ཕྱོགས་ནས། འབྱུང་འགྱུར་ཉིན་གཉིས་ནང་མུ་མཐུད་དབྱི་སི་རལ་བ་10དང་ཕ་ལེ་སི་ཐན་བ་30བརྗེ་པོ་རྒྱག་རྒྱུ་དང་། དམག་མཚམས་འཇོག་པའི་ཆ་རྐྱེན་ཡང་དེའི་གོང་དང་གཅིག་མཚུངས་ཡིན་ཞེས་བཤད་ཡོད། དབྱི་སི་རལ་ཕྱོགས་ཀྱིས་དེ་རྗེས། འབྱུང་འགྱུར་ཉིན་རེར་བཀག་ཉར་བྱས་པའི་དབྱི་སི་རལ་བ་10གློད་གྲོལ་གཏོང་རྒྱུ་དང་། ཉིན་གཉིས་ནང་མི་20གློད་གྲོལ་གཏོང་རྒྱུ་རེད་ཅེས་བདེན་སྤྲོད་བྱས་ཡོད།

  དེའི་གོང་དམག་མཚམས་འཇོག་པའི་གྲོས་ཆོད་དེ་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11ཚེས་24ཉིན་གྱི་ཆུ་ཚོད་7པར་གོ་ཆོད་ཡོད་པ་དང་། དུས་ཡུན་ཉིན་བཞི་ཡིན་པ། སྤྱི་ཚེས་27ཉིན་ཉིན་བཞི་པར་སླེབས་ཡོད། ཕྱོགས་གཉིས་པོས་ཁག་སོ་སོར་ཁག་བཞི་པའི་བཀག་ཉར་བྱས་པའི་མི་སྣ་གློད་དཀྲོལ་བཏང་ཡོད། ཧ་མ་སིས་ཚེས་27ཉིན་དབྱི་སི་རལ་བ་11གློད་གྲོལ་བཏང་ཡོད་པ་དང་། གཞན་ད་དུང་ཐེ་ལན་བ་6གློད་གྲོལ་བཏང་ཡོད། དབྱི་སི་རལ་ཕྱོགས་ཀྱིས་ཕ་ལེ་སི་ཐན་བ་33གློད་གྲོལ་བཏང་ཡོད།

  དེ་མིན་དབྱི་སི་རལ་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཚེས་27ཉིན་འབར་རྒྱུའི་སྣུམ་འདྲེན་རླངས་འཁོར་བཞི་ཀ་ཧྲ་ས་རྒྱུད་དུ་སླེབས་ཡོད་པ་དང་། ད་དུང་བཟས་རིགས་དང་། ཆུ། ཉེན་གཡོལ་སྒྲིག་ཆས་དེ་བཞིན་སྨན་བཅོས་སྤྱོད་རྫས་བླུགས་པའི་རླངས་འཁོར་200ཀ་ཧྲ་ས་རྒྱུད་དུ་འབྱོར་ཡོད་པ་རེད།

  མཉམ་འབྲེལ་རྒྱལ་ཚོགས་ཉེ་ཤར་ཕ་ལེ་སི་ཐན་ཡུལ་གྱར་བའི་སྐྱོབ་གསོ་དང་ལས་གྲྭ་ཁྲུའུ་ནས། མིག་སྔར་ཀ་ཧྲ་ས་རྒྱུད་ཀྱི་མང་ཚོགས་རྣམས་ལ་བཀྲེས་ལྟོགས་ཀྱི་ཉེན་ཁ་འཕྲད་བཞིན་ཡོད། ཀ་ཧྲ་ས་རྒྱུད་དུ་སྐྱོད་པའི་འབར་རྒྱུའི་གྲངས་འབོར་ཡང་སྔར་བཞིན་འདང་གི་མེད་པ་དང་། སྨན་བཅོས་ལས་ཁུངས་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་དཀའ་བ་དེས་ཀ་ཧྲ་ས་རྒྱུད་དུ་འགོས་ཁྱབ་རང་བཞིན་གྱི་ནད་ཡམས་མཆེད་པ་དང་གྱ་ཡན་དུ་འགྲོ་སྲིད་ཅེས་བསྟན་ཡོད།

  ཚེས་27ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གུ་ཐེ་ལེ་སིས། དམག་མཚམས་འཇོག་པའི་གྲོས་ཆོད་ནར་འགྱངས་གཏོང་བ་དེས་ཀ་ཧྲ་ཡི་དུས་བབ་ལ་རེ་བ་ཅུད་ཟད་སྦྱིན་ཡོད་ཅེས་བཤད་འདུག ཡིན་ནའང་ཁོང་གིས་ད་དུང་གྲོས་ཆོད་ཉིན་གཉིས་ནང་འགྱངས་བཏང་ཡོད་ནའང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཀྱིས་ཀ་ཧྲ་མི་དམངས་ཀྱི་དགོས་མཁོ་སྐོང་ཐབས་བྲལ་ཞེས་ནན་སྟོན་བྱས་ཡོད། ཁོང་གིས་ཁྱོན་ཡོངས་ནས་མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཇོག་རྒྱུའི་རེ་འབོད་བྱས་ཡོད།

中央广播电视总台 央广网 版权所有

ཧ་མ་སི་དང་དབྱི་སི་རལ་གྱིས་ཁག་བཞི་པའི་བཀག་ཉར་བྱས་པའི་མི་སྣ་གློད་གྲོལ་བཏང་ཡོད་པ་དང་། ཕྱོགས་གཉིས་པོས་ཀ་ཧྲ་ས་རྒྱུད་ཀྱི་དམག་མཚམས་འཇོག་པའི་དུས་ཡུན་དེ་ཉིན་གཉིས་ནར་འགྱངས་གཏོང་རྒྱུའི་མོས་མཐུན་བྱས་པ།

ཡོད་ནའང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཀྱིས་ཀ་ཧྲ་མི་དམངས་ཀྱི་དགོས་མཁོ་སྐོང་ཐབས་བྲལ་ཞེས་ནན་སྟོན་བྱས་ཡོད། ཁོང་གིས་ཁྱོན་ཡོངས་ནས་མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཇོག་རྒྱུའི་རེ་འབོད་བྱས་ཡོད།