ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ལོ་ངོ་སུམ་ཅུའི་དུས་བཟང་བཏོད།

2023-11-28 10:03:00     责编:桑吉卓玛

ཉིན་ཤས་གོང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་སྐབས་ང་ཚོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་འགན་འཁུར་བའི་སྒོ་ནས་དུས་རབས་ཀྱི་འབོད་སྒྲར་ལན་སློག་པ་དང་། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ། པུའུ་ཐེ་ལ་ཅ་ཡའི་བསམ་འདུན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྒོ་དབྱེ་དང་། གསོན་ཤུགས། བརྟན་པོ། ཞི་བདེ་བཅས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཐུན་མོང་མ་ལག་བསྐྲུན་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མི་དམངས་དང་ཕ་ཚ་བུ་རྒྱུད་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་དགོས་ཞེས་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོའི་གྲོས་འགོ་རྒྱས་བཤད་གནང་བ་དང་། མཐུན་སྒྲིལ་དང་དད་སེམས་བརྒྱུད་སྤེལ་བྱེད་པ། དུས་རབས་ཀྱི་དྲི་བར་ལན་བསྐྱོན་པ་བཅས་ཀྱི་ཐོག་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་ཐུན་མོང་ཐོག་དར་རྒྱས་དང་ཕུགས་ཀྱི་འཕེལ་རྒྱས་ཆེད་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཇུས་འགོད་གནང་བ་རེད།

ལོ་ངོ་30ཡི་གོང་། འཇམ་འཐབ་མཇུག་བསྒྲིལ་རྗེས་མིའི་རིགས་ཕྱོགས་གང་དུ་འགྲོ་ཞེས་པའི་དུས་རབས་དྲི་བར་ལེན་འདེབས་ཆེད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་འགོ་ཁྲིད་པ་མཉམ་དུ་འཛོམས་ནས་ས་ཁོངས་དེའི་དཔལ་འབྱོར་མཉམ་ལས་དང་གཞི་གཅིག་ཅན་གྱི་འཕེལ་རིམ་འགོ་ཚུགས་པ་དང་། གོ་ལ་ཧྲིལ་པོའི་སྒོ་དབྱེའི་འཕེལ་རྒྱས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། ས་ཁོངས་ཀྱི་དཔལ་འབྱོར་ཚོང་དོན་མ་འཇོག་དང་། ལག་རྩལ་འཕེལ་རྒྱས། དངོས་ཟོག་དང་མི་སྣ་བཅས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཏེ་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྣ་མང་རང་བཞིན་དེ་མཉམ་ལས་ཀྱི་སྒུལ་ཤུགས་སུ་ཟམ་མི་ཆད་པར་བསྒྱུར་ནས་ལེགས་ཆ་གསབ་རེས་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་མདུན་སྐྱོད་བྱེད་རྒྱུ་མངོན་འགྱུར་ཡོང་བ་བྱས་ཡོད། ལོ་ངོ་30ཡི་རིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཆ་སྙོམས་སྒོ་ཁྲལ་གྱི་ཆུ་ཚད་བརྒྱ་ཆ་17ནས་བརྒྱ་ཆ་5བར་ཆག་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་བཅུ་ཆ་བདུན་ཟིན་ཡོད། མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་གཉིས་ལས་མང་བ་འཕར་བ་དང་། མི་འབོར་དུང་ཕྱུར་10དབུལ་སྒྲོལ་ཐུབ་པ་སོགས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ངོ་མཚར་བཏོད་ཡོད།

རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་ལྡོག་མགྱོགས་པོ་འགྲོ་བ་དང་། འཕར་སྣོན་གྱི་འགུལ་ནུས་གསར་རྙིང་བརྗེ་སྒྱུར་ལེགས་འགྲུབ་བྱུང་མེད་པ། འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ལ་རྩ་བའི་ཐོག་གི་འགྱུར་ལྡོག་བྱུང་མེད་པ། ཆབས་ཅིག་གོ་ལ་ཧྲིལ་པོ་ཅན་དང་ལྡོག་པའི་བསམ་བློའི་སྙིགས་རོ་ཐོན་མང་བ། སྒོ་དབྱེ་མཉམ་ལས་ཀྱི་འཕེལ་ཕྱོགས་ཆེན་པོར་རྡབ་སིག་ཆེན་པོ་ཕོག་པ་བཅས་དང་བསྟུན་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གྲུབ་འབྲས་ངོ་མཚར་ཅན་ལས་གྲུབ་པའི་རྩ་ཆེའི་ཉམས་མྱོང་དང་གལ་ཆེའི་བསམ་བློ་བེད་སྤྱད་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་འགྲོ་བའི་དུས་བཟང་གི་ངོ་སུམ་ཅུ་རྗེས་མ་གཏོད་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པའི་སྒོ་མོ་ཇི་ལྟར་བྱས་ནས་རྒྱ་ཆེ་རུ་གཏོང་དགོས་སམ་ཞེ་ན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདས་པའི་ལོ་རྒྱུས་མེ་ལོང་དུ་འཛིན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་གནང་བ་དང་། ཐོག་མའི་བསམ་འདུན་བརྟན་སྲུང་དང་མཐུན་སྒྲིལ་མཉམ་ལས་བྱས་ནས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་སྒུལ་ཤུགས་སྣོན་རྒྱུ་རྒྱུ་མཐའ་འཁྱོངས་དང་། སྒོ་དབྱེའི་སྟོན་ཕྱོགས་མཐའ་འཁྱོངས། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས། ཀུན་ཕན་མཉམ་སྤྱོད་མཐའ་འཁྱོངས་བཅས་བྱེད་དགོས་པའི་གྲོས་འགོ་གལ་ཆེན་བཞི་བཏོན་གནང་ནས་དུས་རབས་ཀྱི་དྲི་བ་གསར་པ་དེར་ལན་གསལ་པོ་བསྐྱོན་ཡོད།

གྲོས་འགོ་དེ་དག་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མཐུན་པ་དང་མི་སེམས་གཏད་ཕྱོགས་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་ཞིང་། ཕྱོགས་ཁག་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གཞི་གཅིག་ཅན་མཉམ་དུ་བསྐྲུན་རྒྱུར་ཁ་ཕྱོགས་ཀྱི་ཁྲིད་སྟོན་དང་ལག་ལེན་གྱི་ཐབས་ལམ་མཁོ་འདོན་གནང་ཡོད།

གསར་གཏོད་ལ་བརྟེན་ནས་སྒུལ་ཤུགས་སྣོན་དགོས་པ་དང་དེ་བས་ཧུར་བརྩོན་གྱི་ཉམས་འགྱུར་ཐོག་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་དགོས། སྒོ་མོ་ཕྱེ་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཐོག རང་མོས་སྒོ་དབྱེའི་ཉོ་ཚོང་མ་འཇོག་ལ་སྲུང་སྐྱོང་བྱས་ནས། འཇམ་འཐབ་གསར་པའམ་ཡང་ན་ཕྱོགས་ཁག་ཁ་གཏད་དུ་ལངས་པའི་གནས་བབ་ཁྲོད་མ་ལྷུངས་བར་བྱེད་པ་དང་། ས་ཁོངས་སྒོ་དབྱེའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་དགོས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་འཕར་སྣོན་གྱི་སྦགས་མེད་ཀྱི་གཞི་རྟེན་ཡག་པོ་བཏིང་ཐོག འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སུ་བརྗེ་སྒྱུར་མགྱོགས་སུ་བཏང་སྟེ། མིའི་རིགས་འཚོ་གནས་བྱེད་སའི་ཁྱིམ་གཞིས་གཅིག་པུ་དེར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཐུན་མོང་ཐོག་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་སྐྲུན་པ་དང་ཆབས་ཅིག འགན་འཁྲི་ཡག་པོ་འཁུར་བའི་ཐོག་ནས་གོང་འཕེལ་གྱི་གོ་སྐབས་བགོ་བཤའ་ཡག་པོ་རྒྱག་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཐུན་མོང་མ་ལག་བསྐྲུན་ནས། རྒྱལ་ཁབ་ཁག་གི་མི་དམངས་ལ་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས།

གྲོས་འགོ་དེ་དག་ཀྱང་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་གཅིག་རྒྱུན་གཅིག་འཛིན་ཡིན་པ་དང་། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་ཐོག་ནས། ཀྲུང་གོས་ལག་གདང་སྦྲེལ་ནས་ཕྱོགས་ཁག་དང་མཉམ་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་མཛེས་སྡུག་གི་ཕུགས་འདུན་དང་འགན་འཁྲི་འཁུར་སེམས་གང་ལེགས་མངོན་ཡོད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་དང་། ཁེ་ལས་ཀྱི་གྲངས་འཛིན་ཐོབ་ཐང་སོགས་ཀྱི་གྲོས་འགོ་བཏོན་པ་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འཕེལ་རྒྱས་ལ་ནུས་པ་སྦྱིན་ཏེ་རང་འགུལ་ངང་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་སྦྲེལ་མཐུད་བྱས་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་སྒོ་དབྱེའི་རྣམ་པ་གསར་པ་བཏོད་བའི་བར་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱིས་ལྗང་མདོག་ཞིང་ལས་དང་། རྒྱུན་མཐུད་གྲོང་ཁྱེར། ནུས་རྒྱུ་ཐཱན་ཉུང་བརྗེ་སྒྱུར་སོགས་ཀྱི་མཉམ་ལས་གྲོས་འགོ་བཏོན་ནས་མཛེས་སྡུག་ལྡན་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་མཉམ་སྐྲུན་བྱེད་པའི་བར། དེ་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱིས་དཔལ་འབྱོར་ལག་རྩལ་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་བར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་མཉམ་དུ་བཏོད་ཡོད་པ་དང་། ཀྲུང་གོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དང་ཐ་ན་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད།

ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རྒྱལ་ཁབ་ཁག་གིས་སྒོ་དབྱེ་ཁོང་ཡངས་དང་། ཐུན་མོང་གོང་འཕེལ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བཅས་ཀྱི་ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་རི་ཆུ་ཀླུང་གསུམ་གྱི་བར་ཐག་བརྒལ་བ་དང་། ཕན་ཚུན་དབར་གྱི་ཧེ་བག་ལ་ཁོག་ཡང་གི་ལྟ་སྟངས་འཛིན་ཞིང་། སྔ་ས་ནས་མཛའ་བཤེས་མཉམ་འབྲེལ་གྱི་ཁྱིམ་ཚང་གཅིག་ལྟ་བུར་གྱུར་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ང་ཚོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ལོ་ངོ་སུམ་ཅུའི་དུས་བཟང་གསར་པའི་ལེའུ་རྩོམ་རྒྱུར་ཐུན་མོང་ཐོག་རེ་སྒུག་བྱེད་ཀྱི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ལོ་ངོ་སུམ་ཅུའི་དུས་བཟང་བཏོད།

ཉིན་ཤས་གོང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་སྐབས་ང་ཚོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི