སུའུ་ཏན་དྲག་ཆས་ཀྱི་གདོང་ཐུག་དབང་གིས་སུའུ་ཏན་དཔལ་འབྱོར་ལ་གྱོང་གུན་ཕོག་པ་ཨ་སྒོར་དུང་ཕྱུར་260ལས་བརྒལ་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སུའུ་ཏན་ནོར་སྲིད་དང་དཔལ་འབྱོར་འཆར་འགོད་པུའུ་ཀྲང་གིས་ཚེས་26ཉིན། སུའུ་ཏན་དྲག་ཆས་གདོང་ཐུག་དབང་གིས་སུའུ་ཏན་གྱི་རྨང་གཞིའི་སྒྲིག་ཆས་དང་། སློབ་གསོ་དང་སྨན་བཅོས་སྒྲིག་ཆས་བཅས་ལ་གཏོར་བཤིག་ཚབ་ཆེན་ཕོག་ཡོད་པ་དང་། བཟོ་ཞིང་ལས་རིགས་ཀྱི་ཐོན་སྐྱེད་ལ་འགོག་རྐྱེན་བཟོས་པས། དཔལ་འབྱོར་གྱོང་གུན་ཕོག་པ་ཨ་སྒོར་དུང་ཕྱུར་260ལས་བརྒལ་ཡོད་ཅེས་བསྟན་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།