ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཧ་མ་སི་དང་དབྱི་སི་རལ་བར་བཀག་ཉར་བྱས་པའི་མི་སྣ་ཁག་གསུམ་པ་བརྗེ་པོ་བརྒྱབ་པ་དང་། ཨ་རབ་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་རིགས་དང་དབྱི་སི་རལ་གྱི་ཙུང་ལི་ཀ་ཧྲ་དུ་འབྱོར་བ།

2023-11-28 09:46:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་ཁོངས་གཏོགས་དྲག་ཆས་ཤོག་ཁག་ཁ་སང་ལུལ་ཤོག་གིས་སྤྱི་ཚེས26ཉིན་གསལ་བསྒྲགས་སྤེལ་ནས། ཁ་སང་ལུལ་ཤོག་གིས་དེ་ཉིན་བཀག་ཉར་བྱས་པའི་མི་སྣ་ཁག་གསུམ་པ་གློད་དཀྲོལ་བཏང་བ་དང་། དེའི་ཁྲོད་དབྱི་སི་རལ་བ13དང་ཕྱི་རྒྱལ་བ4ཚུད་པ་མ་ཟད་དེ་དག་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་ལ་རྩིས་སྤྲད་ཡོད་པ་རེད།

དབྱི་སི་རལ་ཕྱོགས་ཀྱིས་སྤྱི་ཚེས26ཉིན་གནས་ཚུལ་སྤེལ་ནས། གློད་དཀྲོལ་ཐོབ་པའི་དབྱི་སི་རལ་བ13དེ་དག་དབྱི་སི་རལ་གྱི་མངའ་ཁོངས་སུ་འབྱོར་ཡོད། གཞན་ཡང་གློད་དཀྲོལ་བཏང་བའི་ཕྱི་རྒྱལ་གྱི་མི4པོ་དེ་དག་ལ་ཧྥ་འགག་སྒོར་འབྱོར་ཞིང་། དེ་དག་ནི་ཁག་སོ་སོར་ཨུ་རུ་སུ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་ཐོབ་ཐང་ལྡན་པའི་མི1དང་ཐེ་ལན་བ3ཡོད་པ་རེད། ཕ་ལི་སི་ཐན་བ39དབྱི་སི་རལ་གྱི་བཙོན་ཁང་ནས་གློད་དཀྲོལ་བཏང་ཡོད་ཅེས་བརྗོད་ཡོད།

ཧ་མ་སིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཧ་མ་སིས་མིག་སྔར་ཀ་ཧྲ་རྒྱུད་དུ་གནས་སྐབས་དམག་མཚམས་འཇོག་པའི་གྲོས་ཆོད་ནར་འགྱངས་གཏོང་བ་བརྒྱུད་དབྱི་སི་རལ་ཕྱོགས་ཀྱིས་བཀག་ཉར་བྱས་པའི་ཕ་ལི་སི་ཐན་བ་དེ་བས་མང་བ་གློད་དཀྲོལ་གཏོང་རྒྱུར་འགན་ལེན་ཐུབ་པའི་རེ་བ་འཆང་བཞིན་ཡོད། སྤྱི་ཚེས26ཉིན་བར་སླེབས་སྐབས། བཀག་ཉར་བྱས་པའི་ཕ་ལི་སི་ཐན་བ117གློད་དཀྲོལ་བཏང་ཡོད་ཅེས་བརྗོད་ཡོད།

དབྱི་སི་རལ་སྨྱན་སྦྱོར་གྱིས་སྤྱི་ཚེས26ཉིན་གནས་ཚུལ་སྤེལ་ནས། གནས་སྐབས་དམག་མཚམས་འཇོག་པའི་རིང་། དབྱི་སི་རལ་གྱི་ཙུང་ལི་ནའེ་ཐ་ཉི་ཡ་ཧུ་ཀ་ཧྲ་བྱང་རྒྱུད་དུ་འབྱོར་བ་མ་ཟད་ས་གནས་དེ་གའི་དབྱི་སི་རལ་གྱི་དམག་མིར་འཚམས་འདྲི་ཞུས་ཡོད། དེ་ནི་ཟླ10ཚེས7ཉིན་ཐེངས་འདིའི་ཕ་དབྱིའི་གདོང་ཐུག་ཐོན་པ་ནས་བཟུང་། དབྱི་སི་རལ་གྱི་ཙུང་ལི་ཀ་ཧྲ་རྒྱུད་དུ་འབྱོར་ཐེངས་ཐོག་མ་དེ་ཡིན་པ་རེད།

སྤྱི་ཚེས26ཉིན་ཁ་ཐར་གྱི་ཕྱི་འབྲེལ་རྒྱལ་དོན་བློན་ཆེན་ཧ་ཐེས་སྣེ་ཁྲིད་པའི་ཁ་ཐར་སྲིད་གཞུང་གི་འཐུས་མི་ཚོགས་པ་ཀ་ཧྲ་རྒྱུད་དུ་འབྱོར་ཞིང་། མི་ཆོས་རིང་ལུགས་ཀྱི་དངོས་རྫས་ལ་ཧྥ་འགག་སྒོ་བརྒྱུད་ཀ་ཧྲ་རྒྱུད་དུ་འབྱོར་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་རེད། དེ་ནི་ཐེངས་འདིའི་ཕ་དབྱིའི་གདོང་ཐུག་ཐོན་ཚུན། ཨ་རབ་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་རིགས་ཀ་ཧྲ་རྒྱུད་དུ་འབྱོར་ཐེངས་ཐོག་མ་དེ་ཡིན་པ་རེད། ཧ་ཐེས། མིག་སྔར་ཀ་ཧྲ་རྒྱུད་དུ་འབྱོར་བའི་མི་ཆོས་རིང་ལུགས་ཀྱི་དངོས་རྫས་དེ་དག་གིས་ས་གནས་དེ་གའི་དགོས་མཁོ་སྐོང་མི་ཐུབ་པས། ཁ་ཐར་ཕྱོགས་ཀྱིས་ཀ་ཧྲ་རྒྱུད་དུ་དེ་བས་མང་བའི་རོགས་སྐྱོབ་བྱ་རྩིས་ཡོད། མ་ཟད་དངོས་རྫས་དེ་བས་མང་བ་ཀ་ཧྲ་བྱང་རྒྱུད་དུ་འབྱོར་རྒྱུར་རེ་བ་བྱེད་བཞིན་ཡོད། ཁ་ཐར་ཕྱོགས་ཀྱིས་དབྱི་སི་རལ་དང་ཧ་མ་སིའི་བར་ཉིན་ཤས་གོང་བཞག་པའི་གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་དེ་ནར་འགྱངས་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད། ཁ་ཐར་ཕྱོགས་ཀྱིས་དེ་དོན་དུ་འབྲེལ་ཡོད་ཕྱོགས་ཁག་དང་སྤེལ་རེས་མཐུན་སྦྱོར་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།

ཕ་ལི་སི་ཐན་འཕྲོད་བསྟེན་སྡེ་ཁག་གིས་སྤྱི་ཚེས26ཉིན་གསལ་བསྒྲགས་སྤེལ་བའི་ནང་། སྤྱི་ཚེས25ཉིན་གྱི་མཚན་གུང་ནས་བཟུང་། ཅོར་ཏན་ཆུ་བོའི་ནུབ་ངོགས་ཀྱི་ས་ཆ་མང་པོར་དབྱི་སི་རལ་དམག་དཔུང་དང་ཕ་ལི་སི་ཐན་བའི་བར་གདོང་ཐུག་བྱུང་ཞིང་། ཉུང་མཐར་ཡང་ཕ་ལི་སི་ཐན་བ7རྐྱེན་ལམ་དུ་ཤོར་ཡོད་ཅེས་བརྗོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཧ་མ་སི་དང་དབྱི་སི་རལ་བར་བཀག་ཉར་བྱས་པའི་མི་སྣ་ཁག་གསུམ་པ་བརྗེ་པོ་བརྒྱབ་པ་དང་། ཨ་རབ་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་རིགས་དང་དབྱི་སི་རལ་གྱི་ཙུང་ལི་ཀ་ཧྲ་དུ་འབྱོར་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་ཁོངས་གཏོགས་དྲག་ཆས་ཤོག་ཁག་ཁ་སང་ལུལ་ཤོག་གིས་སྤྱི་ཚེས26ཉིན་གསལ་བསྒྲགས་སྤེལ་ནས། ཁ་སང་ལུལ་ཤོག་གིས་དེ་ཉིན་བཀག་ཉར་བ