ཁག་བཅུ་པའི་ལྷོ་ཁོ་རེ་ཡར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྐུ་རུས་རྒྱལ་ནང་དུ་འབྱོར་བ་དང་། པུར་འཇུག་མཛད་སྒོ་གཉེར་བ།
འདི་ག་ལས་ཁུངས་ནས་སྤེ་བའི་གནས་ཚུལ། ཁག་བཅུ་པའི་ལྷོ་ཁོ་རེ་ཡར་ཡོད་པའི་དང་བླངས་དམག་གི་སྐུ་རུས་དེ་ཚེས་23ཉིན་རང་རྒྱལ་གྱི་མཁའ་དམག་ཆེད་གཏོང་གནམ་གྲུའི་སྲུང་སྐྱེལ་འོག ལྷོ་ཁོ་རེ་ཡ་ནས་ལིའོ་ཉིང་ཧྲན་ཡང་དུ་དབོར་ཡོད་པ་རེད། དྭངས་བླངས་མག་25ཡི་སྐུ་རུས་དང་དེ་བཞིན་འབྲེལ་ཡོད་དངོས་རྫས་མེས་རྒྱལ་གྱི་པང་དུ་དབོར་ཡོད་པ་རེད།
ཚེས་23ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་32ཐོག དྭངས་བླངས་དམག་25ཡི་སྐུ་རུས་བསྣམས་པའི་ཡུན་20རྟགས་ཅན་གྱི་ཆེད་གཏོང་གནམ་གྲུ་ཧྲན་ཡང་ཐའོ་ཤན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་། མཁའ་དབྱིངས་ལས་ཁ་བའི་མེ་ཏོག་ལྷབ་ལྷུབ་ཏུ་འབབ་ཅིང་། ཆེད་གཏོང་གནམ་གྲུ་དལ་པོའི་སྒོ་ནས་ཆུ་སྒོ་བརྒྱུད་དེ་བབས་ཡོད་པ་རེད། མེས་རྒྱལ་གྱིས་གུས་ལུགས་མཐོ་ཤོས་ཀྱི་ཐོག་ནས་སླར་ཡང་དྭངས་བླང་དམག་ཁག་གཅིག་གི་རྣམ་ཤེས་ཕ་ཡུལ་གྱི་པང་དུ་ལོག་པར་བསུ་བ་ཞུས་ཡོད།
ཞེན་ཆགས་ཤིང་ཚིག་འཇམ་པའི་དྲན་སེམས་ཀྱི་དབྱངས་རྟའི་ཁྲོད་དུ་གུས་ལུགས་དམག་མི་ཚོས་སྐར་ལྔའི་དར་དམར་གྱིས་བཀབ་པའི་པུར་སྒམ་བཏེགས་ཏེ་དལ་ལ་སྒམ་པའི་གོམ་སྟབས་ཀྱི་སྒོ་ནས་ལེགས་སྒྲིག་ཁུལ་དུ་བསྐྱོད་ཡོད།
ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་ཧྲན་ཡང་ཨ་འགོག་ཁྲ་རོགས་བང་གསོ་ཁང་དུ་ཁག་བཅུ་པའི་ལྷོ་ཁོ་རེ་ཡར་ཡོད་པའི་ཀྲུང་གོ་མི་དམངས་དྭངས་བླངས་དམག་གི་སྐུ་རུས་པུར་འཇུག་བྱེད་པའི་མཛད་སྒོ་གཉེར་ཡོད་པ་རེད།