《འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་འགན་ལེན་བྱེད་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཀྱི་སི་ཕེན་ཡིག་དང་རྒྱ་ཡིག་ཤན་སྦྱར་གྱི་གོ་ལ་ཧྲིལ་པོའི་སྤེལ་འགྲེམས་ཐོག་མ་དེ་མ་ཏ་ལིར་འཚོགས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། 《འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་འགན་ལེན་བྱེད་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཀྱི་སི་ཕེན་ཡིག་དང་རྒྱ་ཡིག་ཤན་སྦྱར་གྱི་གོ་ལ་ཧྲིལ་པོའི་སྤེལ་འགྲེམས་ཐོག་མ་སྟེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མིའི་རིགས་ཀྱི་བློ་གྲོས་ཞེས་པའི་སྤེལ་རེས་ཞིབ་གྲོས་ཚོགས་འདུ་དེ་ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་སི་ཕེན་གྱི་རྒྱལ་ས་མ་ཏ་ལིར་བདེ་བླག་ངང་སྐོང་འཚོགས་བྱས་པ་རེད། ཀྲུང་གོ་དང་སི་ཕེན་གྱི་རིགས་གཅིག་མཁས་པ་དང་། མཁས་དབང་། མཐུན་ཚོགས་ཀྱི་འགན་ཁུར་མི་སྣ་སོགས་བྱེད་སྒོར་ཞུགས་ཡོད། 《འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་འགན་ལེན་བྱེད་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》དེ་ཆེད་དོན་ཁག་9ལ་དབྱེ་ཡོད་པ་དང་། བརྒྱུད་རིམ་ཧྲིལ་པོའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་འགན་ལེན་བྱེད་རྒྱུར་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བསྡུས་ཡོད།
ཚོགས་ཞུགས་སི་ཕེན་ཕྱོགས་ཀྱི་མི་སྣས། 《འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་འགན་ལེན་བྱེད་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》དེ་ནི་ནང་དོན་ཕུན་སུམ་ཚོགས་ཤིང་དགོངས་པ་ཧ་ཅང་ཟབ་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་ཡིན་པས། འཛམ་གླིང་ལ་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་འགན་ལེན་བྱེད་པའི་ཐད་ཀྱི་འདུ་ཤེས་དང་ལག་ལེན་དངོས་གང་ལེགས་མཚོན་པར་བྱས་ཡོད་པའི་ངོས་འཛིན་གནང་འདུག