ཨ་རིའི་ཁེན་ཐ་ཅི་མངའ་སྡེར་མེ་འཁོར་འཁོར་ལམ་ལས་བྲལ་བའི་དོན་རྐྱེན་ཐོན་པ་ལས་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཕྱིར་ཟགས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་སྨྱན་སྦྱོར་ལས་ཁུངས་ཀྱིས་ཚེས་23ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཁེན་ཐ་ཅི་མངའ་སྡེའི་ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་གྱི་ཆུ་ཚོད་14དང་སྐར་མ་30ཙམ་ལ་མེ་འཁོར་འཁོར་ལམ་ལས་བྲལ་བའི་དོན་རྐྱེན་ཞིག་ཐོན་པ་དང་། གང་དེས་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཕྱིར་ཟགས་ཡོད་པ་རེད། ཁེན་ཐ་ཅི་མངའ་སྡེའི་འགོ་འཛིན་གྱི་དེ་རྗེས་ལུའོ་ཁེ་ཁ་སིར་རྫོང་ཛ་དྲག་གི་གནས་བབ་ཏུ་སླེབས་པའི་ཁྱབ་བསྒྲགས་བྱས་པ་རེད།
ཨ་རིའི་CSXསྐྱེལ་འདྲེན་ཀུང་སིས་ཚེས་22ཉིན་གྱི་དགོང་མོ་གསལ་བསྒྲགས་སྤེལ་ནས། དོན་རྐྱེན་དེ་འཁོར་སྒྲོམ་16དང་འབྲེལ་བ་ཡོད་ཅིང་། དེ་དག་ཁྲོད་ལས་འཁོར་སྒྲོམ་4ཡི་ནང་དུ་རྫས་འགྱུར་དངོས་རྫས་བླུགས་ཡོད་པ་དང་། འཁོར་སྒྲོམ་4ལས་བཞུ་སླའི་མུ་ཟི་བླུགས་པའི་འཁོར་སྒྲོམ་2ལ་མེ་འབར་ཡོད་ཅེས་བརྗོད་པ་རེད། ཚེས་23ཉིན་གྱི་སྔ་དྲོའི་བར། མེ་གསོད་ཐུབ་མེད་པ་དང་། ས་གནས་དེ་གའི་གྲོང་མི་ཁ་བྲལ་དགོས་པའི་བླང་བྱ་བཏོན་ཡོད།