ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀ་ཧྲ་རྒྱུད་དུ་གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་སྐུལ་འདེབས་བྱེད་བཞིན་པ།

2023-11-23 15:52:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་དབར་བཀག་ཉར་བྱས་པའི་མི་སྣ་བརྗེ་པོ་རྒྱག་རྒྱུ་དང་ཀ་ཧྲ་རྒྱུད་དུ་ཉིན་4ཡི་རིང་གནས་སྐབས་དམག་མཚམས་འཇོག་རྒྱུ་གྲོས་ཆོད་ལ་མོས་མཐུན་བྱུང་རྗེས། ཧ་མ་སིའི་ཆབ་སྲིད་ཅུས་ཀྱི་ཁོངས་མི་མུའུ་ས་ཨ་པུའུ་མར་ཙུའུ་ཁེས་ཚེས་22ཉིན། ཀ་ཧྲ་རྒྱུད་དུ་ས་གནས་དེ་གའི་དུས་ཚོད་ཚེས་23ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ནས་བཟུང་དམག་མཚམས་འཇོག་རྒྱུ་རེད་ཅེས་བརྗོད་པ་རེད། དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཁོ་ཨེན་གྱིས་དེའི་གོང་ཙམ་ལ་དབྱི་སི་རལ་ཕྱོགས་ནས་སྔོན་དཔག་བྱས་ན་ཕྱོགས་གཉིས་པོས་བཀག་ཉར་བྱས་པའི་མི་སྣ་བརྗེ་པོ་རྒྱག་པའི་ལས་དོན་དེ་ཚེས་23ཉིན་གྱི་ནས་འགོ་ཚུགས་རྒྱུ་རེད་ཅེས་བརྗོད་པ་རེད། ཨེ་ཅེབ་སྨྱན་སྦྱོར་ལས་ཁུངས་ཀྱིས་ཚེས་22ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེར་འབར་རྒྱུ་བླུགས་པའི་ལྗིད་ཐེགས་རླངས་འཁོར་15དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་བླུགས་པའི་ལྗིད་ཐེགས་རླངས་འཁོར་90ཀ་ཧྲ་རྒྱུད་དུ་འབྱོར་ཡོད་ཅེས་བཤད་པ་རེད།

རྒྱལ་སྤྱིའི་སྤྱི་ཚོགས་ནས་གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་ལ་ཡོངས་ཁྱབ་ཐོག་དགའ་བསུ་ཞུས་པ་དང་། ཕྱོགས་ཁག་ནས་གྲོས་ཆོད་ལ་འགན་ལེན་བྱས་ཏེ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེབས་བྱེད་བཞིན་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་ཞུགས་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་ཚེས་22ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕ་དབྱིའི་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་གནང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་འབད་བརྩོན་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་ཆབ་སྲིད་ཀྱི་མདུན་ལམ་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་འབོད་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

ཨུ་རུ་སུས་བྱང་ཆིངས་མཚོ་དམག་བཀག་འགོག་བྱས།

ཨུ་རུ་སུས་ཕྱི་རྒྱལ་དང་མཉམ་དུ་འཛམ་གླིང་གི་རྒྱ་མཚོའི་མཚོ་ཁོངས་གལ་ཆེན་དུ་མཉམ་འབྲེལ་སྐོར་ཞིབ་ཀྱི་ལས་ཀ་སྔར་བཞིན་མུ་མཐུད་བྱེད་བཞིན་ཡོད་ལུགས་བསྟན།

中央广播电视总台 央广网 版权所有

རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀ་ཧྲ་རྒྱུད་དུ་གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་སྐུལ་འདེབས་བྱེད་བཞིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་དབར་བཀག་ཉར་བྱས་པའི་མི་སྣ་བརྗེ་པོ་རྒྱག་རྒྱུ་དང་ཀ་ཧྲ་རྒྱུད་དུ་ཉིན་4ཡི་རིང་གནས་སྐབས་དམག་མཚམས་འཇོག་རྒྱུ་གྲ