ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཀྲེ་ཅང་ཆུས་ཀྲོའུ་རུ་བརྒྱུད་སྤྲོད་བྱས།

2023-09-20 16:53:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཧང་ཀྲོའུ་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱིས་ཚེས་19ཉིན་འགྲན་བསྡུར་གྱི་ཉིན་མོ་དང་པོ་དེ་བསུས་ཤིང་། ཀྲུང་གོའི་རུ་ཁག་ལ་རྣམ་གྲངས་མང་པོའི་ཁྲོད་གྲུབ་འབྲས་བཟང་པོ་ཐོབ་ཡོད། གཞན་ཡང་། ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཚེས་19ཉིན་ཀྲེ་ཅང་ཆུས་ཀྲོའུ་རུ་བརྒྱུད་སྤྲོད་བྱས་པ་རེད།

  ཆུས་ཀྲོའུ་ཡི་དཔལ་འབར་བརྒྱུད་སྤྲོད་ལམ་ཐིག་ནི་ཆུས་ཀྲོའུ་ཡི་ཁུང་ཧྲི་ནན་ཙུང་མེས་པོའི་མཆོད་ཁང་འགོ་ཚུགས་ས་དང་། ཆུས་ཀྲོའུ་གྲོང་ཁྱེར་གྱི་གྲོང་སྲིད་ཐང་ཆེན་མཇུག་སྒྲིལ་ས་བྱས་ནས། ནན་ཁུང་གནའ་གྲོང་དང་རིག་ལྡན་གྲོང་གསར་འབྲེལ་མཐུད་བྱས་ཡོད་པས། དེའི་ཐོག་ནས་ཕུན་སུམ་ཚོགས་ཤིང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་ལམ་བུ་ནས་རྒྱུག་ཡོང་བ་མཚོན་ཡོད།

  ཧང་ཀྲོའུ་ཡི་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱིས་ཚེས་19ཉིན་འགྲན་བསྡུར་གྱི་ཉིན་ དང་པོ་དེ་བསུས་ཤིང་། བྱེ་ཐང་གི་ཕའེ་ཆིའུ་སྤོ་ལོ་དང་། པན་ཆིའུ་སྤོ་ལོ། ཕའེ་ཆིའུ་སྤོ་ལོ། རྐང་རྩེད་སྤོ་ལོ་བཅས་སྔོན་ལ་འགྲན་བསྡུར་བྱེད་འགོ་ཚུགས་ཡོད། བྱེ་ཐང་ཕའེ་ཆིའུ་སྤོ་ལོའི་སྐྱེས་པའི་ཚོགས་ཆུང་འགྲན་བསྡུར་Eཚོགས་ཆུང་འགྲན་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་གི་ཝང་ཡན་ཝུའེ་དང་། ལི་ཅེ་ཡིས་ཕ་ལེ་སི་ཐན་རུ་ཁག་དང་མཉམ་དུ་འགྲན་བསྡུར་བྱས་མཐར་ཁོ་ཚོས་2:0ཡི་ཐོག་ནས་འགྲན་ཡ་ལས་རྣམ་པར་རྒྱལ་བ་རེད། ལི་ཅེ་ཡིས། ཐེངས་རྗེས་མའི་འགྲན་བསྡུར་ནང་། རང་ཉིད་དང་རུ་མི་ཚོས་འགྲན་བསྡུར་ནང་མུ་མཐུད་སྦྱངས་འབྲས་བཟང་པོ་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

  ཚེས་19ཉིན་གྱི་དགོང་མོར་གཉེར་བའི་ཧང་ཀྲོའུ་ཡི་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་རྐང་རྩེད་སྤོ་ལོའི་ཚོགས་ཆུང་འགྲན་བསྡུར་གྱི་འགྲན་ཐེངས་དང་པོའི་འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་གིས་5:1གི་གྲུབ་འབྲས་ཐོག་ནས་རྒྱ་གར་རུ་ཁག་ལས་རྣམ་པར་རྒྱལ་ཡོད།

中央广播电视总台 央广网 版权所有