ཨ་སའེ་པའེ་ཅང་གིས་ན་ཁ་ས་ཁུལ་གྱི་དམག་དོན་དམིགས་ཚད་རྩ་གཏོར་ བཏང་ཟིན་ཞེས་བཤད་པ་དང་། ཡ་མེ་ཉི་ཡས་ས་ཁུལ་གྱི་དུས་བབ་ཇེ་སྡུག་ཏུ་སོང་ནས་མི་མང་པོ་ཤི་རྨས་བྱུང་ཡོད་ཅེས་བཤད་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་སའེ་པའེ་ཅང་གི་ཙུང་ཐུང་གི་ལས་རོགས་ཀྱིས་ཚེས་19ཉིན་ཨ་སའེ་པའེ་ཅང་གིས་ན་ཁ་ས་ཁུལ་དུ་བྱ་སྤྱོད་སྤེལ་བའི་ལས་འགན་ཧ་ལམ་ལེགས་སྒྲུབ་ཟིན་གྲབས་ཡོད་པ་དང་དམག་དོན་དམིགས་འབེན་རྩ་གཏོར་བཏང་ཟིན་ཞེས་བཤད་ཡོད། དེ་རྗེས་ཨ་སའེ་པའེ་ཅང་ཙུང་ཐུང་ལས་ཤག་གིས་གནས་ཚུལ་སྤེལ་ནས། གལ་སྲིད་ན་ཁ་ས་ཁུལ་གྱི་ཡ་མེ་ཉི་ཡ་བས་ཨ་སའེ་པའེ་ཅང་ཕྱོགས་ཀྱི་རེ་བ་རབ་དང་རིམ་པ་སྐོང་ཐུབ་ཚེ། ཨ་སའེ་པའེ་ཅང་གིས་ན་ཁ་ས་ཁུལ་གྱི་ཡ་མེ་མེ་ཉི་ཡ་བ་དང་གྲོས་མོལ་བྱེད་འདོད་ཡོད་ཅེས་བཤད་པ་རེད།
ན་ཁ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། དམག་དོན་བྱ་སྤྱོད་ཀྱིས་ས་ཁུལ་དེར་ཉུང་མཐར་ཡང་མི་5རྐྱེན་ལམ་དུ་ཤོར་བ་དང་མི་140ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་ཨ་སའེ་པའེ་ཅང་རྒྱལ་སྲུང་པུའུ་ཡིས། ན་ཁ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་གནད་ལ་འཁེལ་བའི་སྣ་འདྲེན་མཚོན་ཆ་སྤྱད་དེ་ཡ་མེ་ཉི་ཡའི་དྲག་ཆས་དཔུང་སྡེའི་གཡུལ་ས་དང་དམག་དོན་སྒྲིག་ཆས་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། དེའི་ཐད་ཡ་མེ་ཉི་ཡའི་ཙུང་ལི་ཕ་ཞི་ཉི་དབྱང་གིས། ན་ཁ་ས་ཁུལ་དུ་ཡ་མེ་ཉི་ཡའི་དྲག་ཆས་དམག་དཔུང་མེད་ཅེས་བསྟན་ཡོད། ཡ་མེ་ཉི་ཡའི་ཕྱི་འབྲེལ་པུས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱེད་ཐབས་སྤྱད་དེ་ཨ་སའེ་པའེ་ཅང་གིས་ན་ཁ་ས་ཁུལ་དུ་སྤེལ་བའི་དམག་དོན་བྱ་སྤྱོད་བཀག་འགོག་བྱེད་དགོས་པའི་རེ་འབོད་བྱས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། མཚམས་གཅོད།