སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་འཕྲལ་སྒྲུབ་རོགས་སྐྱོབ་རུ་ཁག་གིས་བསམ་བཞིན་དུ་ཁང་པ་མང་པོ་ཞིག་གཏོར་བརླག་བཏང་བར་རྒོལ་གཏམ་བཏང་བ།
འདི་ག་ལས་ཁུངས་ནས་སྤེལ་གསལ། སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ཚེས་18ཉིན་གསལ་བསྒྲགས་སྤེལ་ནས། འཕྲལ་སྒྲུབ་རོགས་སྐྱོབ་རུ་ཁག་གིས་འདས་ཟིན་པའི་ཉིན་གཉིས་ནང་ རྒྱལ་ས་ཁ་ཐུ་མུའུ་ཡི་ས་ཆ་མང་པོ་ཞིག་གི་ཁང་པར་བསམ་བཞིན་དུ་གཏོར་བརླག་བཏང་བར་རྒོལ་གཏམ་བཏང་ཞིང་། དེའི་ཁྲོད་རྒྱལ་ཁབ་ལ་གལ་འགངས་ཆེ་བའི་དཔལ་འབྱོར་སྡེ་ཁག་དང་ཚོང་ལས་སྒྲིག་ཆས་ཚུད་ཡོད་པ་རེད། ས་གནས་དེ་གའི་དངོས་སུ་མཐོང་མཁན་གྱིས། ཚེས་18ཉིན་གྱི་མཚན་མོར། སུའུ་ཏན་དྲག་ཆས་དཔུང་ཁག་དང་པེ་ཅ་ཚོ་བའི་ཡུལ་དམག་བར་སུའུ་ཏན་གྲུ་ཁ་རུ་འགལ་བ་བྱུང་ཞིང་། ཕྱོགས་གཉིས་བར་ཡུན་ཐུང་གི་མེ་མདའ་རྒྱག་རེས་བྱས་པ་རེད། དེ་ནི་སུའུ་ཏན་ཉམས་ཉེན་བྱུང་བ་ནས་བཟུང་། སུའུ་ཏན་གྲུ་ཁ་རུ་དྲག་ཆས་འགལ་བ་ཐོག་དང་པོར་བྱུང་བ་ཞིག་ཡིན་པ་རེད།