ཨ་རིའི་རྒྱལ་ཁབ་ཀྱི་བུ་ལོན་ཐེངས་དང་པོར་ཨ་སྒོར་དུང་ཕྱུར་ཁྲི་33ལས་བརྒལ་བ།
འདི་ག་ལས་ཁུངས་ནས་སྤེལ་གསལ། ཨ་རིའི་ནོར་སྲིད་པུའུ་ཡིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཨ་རིའི་རྒྱལ་ཁབ་ཀྱི་བུ་ལོན་ཚེས་18ཉིན་ཐེངས་དང་པོར་ཨ་སྒོར་དུང་ཕྱུར་ཁྲི་33ལས་བརྒལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གལ་ཏེ་ཨ་རིས་ཟླ་9བའི་ཚེས་30ཉིན་གྱི་གོང་དུ་ཡུན་རིང་གི་དངུལ་གཏོང་ཁྲིམས་དོན་གྲོས་གཞིའམ་ཡུན་ཐུང་གི་གཏོང་སྤྲོད་ཁྲིམས་དོན་གྲོས་གཞི་ལ་གྲོས་འཆམ་མ་བྱུང་ན། ཨ་རི་སྲིད་གཞུང་མཚམས་འཇོག་ཉམས་ཉེན་དང་འཕྲད་རྒྱུ་ཡིན་པ་རེད།