ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ལི་པི་ཡའི་ཆུ་ལོག་གནོད་འཚེའི་འཚོལ་སྐྱོབ་ལས་དོན་མུ་མཐུད་སྤེལ་བཞིན་པ་དང་། ཏེར་ནཱ་ཡི་བཞི་ཆ་གཅིག་གི་ཁང་པ་གཏོར་བརླག་ཐེབས་པ།

2023-09-18 15:18:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལི་པི་ཡའི་ཤར་རྒྱུད་ས་ཁུལ་གྱི་ཆུ་ལོག་གནོད་འཚེའི་འཚོལ་སྐྱོབ་ལས་དོན་མུ་མཐུད་སྤེལ་བཞིན་ཡོད་པ་རེད། ལི་པི་ཡའི་སྨྱན་སྦྱོར་གྱིས་ཚེས་17ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ས་གནས་དེ་གར་ཉུང་མཐར་ཡང་ཆུ་ལོག་གིས་ཁང་པ་891ཡོངས་སུ་གཏོར་བརླག་ཐེབས་པ་དང་། གཞན་ཡང་ཁང་པ་211གི་ཆ་ཤས་ཤིག་ལ་གནོད་འཚེ་ཕོག་པ། ཁང་པ་398འདམ་གྱིས་བསྣུབས་ཡོད་ཅེས་བརྗོད་པ་རེད། ཏེར་ནཱ་རུ་ཁྱོན་ཁང་པ་བཞི་ཆ་གཅིག་ཆུ་ལོག་གནོད་འཚེའི་ནང་གཏོར་བརླག་ཐེབས་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་དོན་ཁང་གི་གྲངས་གཞིར་གཞིགས་ན། མིག་སྔའི་བར་ཏེར་ནཱ་རུ་ཉུང་མཐར་ཡང་མི་ཆིག་ཁྲི་1300རྐྱེན་ལམ་དུ་ཤོར་ཡོད་པ་དང་གཞན་ཡང་མི་ཆིག་ཁྲི་སྟོང་མེད་བརྒྱ་ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད། ཏེར་ནཱ་གྲོང་ཁྱེར་གྱི་གྲོང་སྤྱིས། ཏེར་ནཱ་གྲོང་ཁྱེར་ལ་ཁྱོན་མི་འབོར་ཆིག་འབུམ་ཉིས་ཁྲི་ཡོད་ཅིང་། དེའི་ཁྲོད་ལས་ཉུང་མཐར་ཡང་མི་ཉིས་ཁྲི་ཆུ་ལོག་གི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བཟོ་ཡོད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ལི་པི་ཡའི་ཆུ་ལོག་གནོད་འཚེའི་འཚོལ་སྐྱོབ་ལས་དོན་མུ་མཐུད་སྤེལ་བཞིན་པ་དང་། ཏེར་ནཱ་ཡི་བཞི་ཆ་གཅིག་གི་ཁང་པ་གཏོར་བརླག་ཐེབས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལི་པི་ཡའི་ཤར་རྒྱུད་ས་ཁུལ་གྱི་ཆུ་ལོག་གནོད་འཚེའི་འཚོལ་སྐྱོབ་ལས་དོན་མུ་མཐུད་སྤེལ་བཞིན་ཡོད་པ་རེད། ལི་པི་ཡའི་སྨྱན་སྦྱོར་གྱིས་ཚེས་