ཨུ་རུ་སུས། བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་མི་སྣ་ཅིན་ཀྲེང་ཨེན་གྱིས་ཨུ་རུ་སུར་འཚམས་བྱེད་མཇུག་འགྲིལ་ཡོད་ཅེས་བསྟན་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་རང་བྱུང་ཐོན་ཁུངས་དང་འབྱུང་ཁམས་ཁོར་ཡུག་པུས་ཚེས་17ཉིན་གནས་ཚུལ་སྤེལ་ནས། བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་མི་སྣ་ཅིན་ཀྲེང་ཨེན་གྱིས་ཨུ་རུ་སུར་འཚམས་འདྲི་བྱེད་མཇུག་འགྲིལ་ཡོད་ཅེས་བཤད་པ་རེད།
འཚམས་འདྲི་བྱེད་རིང་ཨུ་རུ་སུའི་འཐུས་མི་ཚོགས་པ་དང་བྱང་ཁོ་རེ་ཡའི་འཐུས་མི་ཚོགས་པས་ཞིང་ལས་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ཐད་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཡོད་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུ་དང་བྱང་ཁོ་རེ་ཡའི་དབར་གྱི་མཁའ་འགྲུལ་ལམ་ཐིག་མིག་སྔར་ཚོད་ལྟའི་འཁོར་སྐྱོད་བྱེད་མུས་ཡིན་པ་དང་ཉེ་དུས་རྒྱུན་གཏན་ལྟར་འཁོར་སྐྱོད་སླར་གསོ་བྱ་བཟོ་ཡོད་པ་རེད། གཞན་ཡང་འདི་ལོའི་ཟླ་11པར་ཕོང་དབྱང་དུ་ཨུ་རུ་སུ་དང་བྱང་ཁོ་རེ་ཡའི་ས་མཚམས་ལས་སྒྲོལ་བའི་སྲིད་གཞུང་ཨུ་ཡོན་ལྷན་ཁང་དབར་གྱི་ཚོགས་འདུ་སྐོང་འཚོགས་བྱ་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།