ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕ་ལེ་སི་ཐན་གྱི་མང་ཚོགས་བརྒྱ་ཕྲག་འགའ་ཤས་ཀྱིས་ཀ་ཧྲ་རྒྱུད་དུ་རྔམ་སྟོན་ཁྲོམ་སྐོར་བྱེད་སྒོ་སྤེལ་བ།

2023-09-18 15:16:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཕ་ལེ་སི་ཐན་གྱི་མང་ཚོགས་བརྒྱ་ཕྲག་འགའ་ཤས་ཀྱིས་ཚེས་17ཉིན་གྱི་དགོང་མོ་ཀ་ཧྲ་རྒྱུད་དང་བར་ཐག་ཉེ་བའི་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་དུ་རྔམ་སྟོན་ཁྲོམ་སྐོར་བྱེད་སྒོ་སྤེལ་ཡོད་པ་རེད། དབྱི་སི་རལ་དམག་ཕྱོགས་ཀྱིས་གནས་ཚུལ་སྤེལ་ནས། རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་གྱིས་འཁོར་ལོ་སོགས་འབར་སླའི་དངོས་རྫས་མེར་བསྲེགས་ཡོད་པ་མ་ཟད་མཐའ་མཚམས་ར་སྐོར་གྱི་ཉེ་འགྲམ་དུ་འབར་རྫས་སྤར་ཡོད་ཅེས་བརྗོད་པ་རེད། དབྱི་སི་རལ་དམག་ཕྱོགས་ནས་མཆི་ཤོར་ཝ་སི་དང་གས་འབར་མདེའུ་སོགས་འཕེན་ནས་མི་ཚོགས་ཁ་འབྲལ་དུ་བཅུག་ཡོད། ཕ་ལེ་སི་ཐན་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་ནས། ཉུང་མཐར་ཡང་ཕ་ལེ་སི་ཐན་གྱི་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་5དབྱི་སི་རལ་དམག་ཕྱོགས་དབར་གྱི་གདོང་གཏུག་ཁྲོད་རྨས་སྐྱོན་བཟོས་ཡོད་ཅེས་བརྗོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཕ་ལེ་སི་ཐན་གྱི་མང་ཚོགས་བརྒྱ་ཕྲག་འགའ་ཤས་ཀྱིས་ཀ་ཧྲ་རྒྱུད་དུ་རྔམ་སྟོན་ཁྲོམ་སྐོར་བྱེད་སྒོ་སྤེལ་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཕ་ལེ་སི་ཐན་གྱི་མང་ཚོགས་བརྒྱ་ཕྲག་འགའ་ཤས་ཀྱིས་ཚེས་17ཉིན་གྱི་དགོང་མོ་ཀ་ཧྲ་རྒྱུད་དང་བར་ཐག་ཉེ་བའི་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་དུ་རྔམ་སྟོན་ཁྲོ