ཨུ་རུ་སུ་ཡིས་རྒྱ་མཚོ་ནག་པོའི་མཚོ་ཁོངས་སུ་ཡུག་རེན་དམག་གི་མི་མེད་གྲུ་གཟིངས་ཤིག་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད་རྩ་གཏོར་བཏང་བ།
འདི་ག་ལས་ཁུངས་ནས་སྤེལ་གསལ། ཨུ་རུ་སུ་རྒྱལ་སྲུང་པུའུ་ཡིས་ཚེས་14ཉིན་གནས་ཚུལ་སྤེལ་ནས། ཨུ་རུ་སུའི་རྒྱ་མཚོ་ནག་པོའི་དམག་གྲུ་རུ་ཁག་གི་མཚོ་དམག་མཁའ་སྐྱོད་དམག་དཔུང་གིས་རྒྱ་མཚོ་ནག་པོའི་མཚོ་ཁོངས་སུ་ཡུག་རེན་གྱི་མི་མེད་་གྲུ་གཟིངས་ཤིག་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད་རྩ་གཏོར་བཏང་ཡོད་ཅེས་བརྗོད་ཡོད། ཡུག་རེན་རྒྱལ་ཁབ་འཕྲིན་གཏོང་ལས་ཁུངས་ཀྱིས་ཚེས་14ཉིན་གནས་ཚུལ་སྤེལ་ནས། ཡུག་རེན་ཕྱོགས་ཀྱིས་ཉིན་དེའི་ཐོ་རེངས་སུ་དམིགས་བསལ་བྱ་སྤྱོད་ཅིག་སྤེལ་ནས། ཨུ་རུ་སུའི་དམག་དཔུང་གི་ཁེ་ལི་མི་ཡ་རུ་གནས་པའི་སྤྱིའི་རིན་ཐང་ལ་ཧ་ལམ་ཨ་སྒོར་དུང་ཕྱུར་12ཟིན་པའི་མཁའ་ཐོག་འགོག་ཟོན་མ་ལག་ཅིག་རྩ་གཏོར་བཏང་ཡོད་པ་རེད།