ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕུའུ་ཅིང་དང་ཅིན་ཀྲེན་ཨེན་གྱིས་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་ཤར་ཕྱོགས་མཁའ་སྐྱོད་འཕེན་གཏོང་ར་བར་མཇལ་མོལ་གནང་བ།

2023-09-14 17:26:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་སྤྱི་ཚེས་13ཉིན་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེན་ཨེན་དང་ལྷན་དུ་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་དུ་གནས་པའི་ཨ་མུའར་མངའ་སྡེའི་ཤར་ཕྱོགས་མཁའ་སྐྱོད་འཕེན་གཏོང་ར་བར་མཇལ་མོལ་གནང་ཡོད། ཕུའུ་ཅིང་གིས་བཅར་འདྲི་དང་ལེན་གནང་སྐབས། ཨུ་རུ་སུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཀག་སྡོམ་ལ་བརྩི་སྲུང་ཞུ་གི་ཡིན། ཡིན་ནའང་། ཨུ་རུ་སུ་དང་བྱང་ཁོ་རེ་ཡའི་དབར་གྱི་དམག་དོན་ལག་རྩལ་མཉམ་ལས་ལ་སྔར་བཞིན་མདུན་ལྗོངས་ཡོད་ཅེས་གསུངས་ཡོད། ཅིན་ཀྲེན་ཨེན་གྱིས། བྱང་ཁོ་རེ་ཡའི་ཕྱོགས་ནས་ཨུ་རུ་སུའི་ཙུང་ཐུང་དང་ལྷན་དུ་ཡུན་རིང་བརྟན་ལྷིང་དང་འབྱུང་འགྱུར་ལ་ཕྱོགས་པའི་བྱང་ཁོ་རེ་ཡ་དང་ཨུ་རུ་སུའི་འབྲེལ་བ་སྐྲུན་རྒྱུར་ཤུགས་རྒྱག་རྩིས་ཡོད་པ་མ་ཟད། རྨང་གཞི་དེའི་ཐོག་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་དང་རྒྱལ་སྤྱིའི་དྲང་བདེན་སྲུང་སྐྱོང་ལ་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཕུའུ་ཅིང་དང་ཅིན་ཀྲེན་ཨེན་གྱིས་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་ཤར་ཕྱོགས་མཁའ་སྐྱོད་འཕེན་གཏོང་ར་བར་མཇལ་མོལ་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་སྤྱི་ཚེས་13ཉིན་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེན་ཨེན་དང་ལྷན་དུ་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་དུ་གནས་པའི་ཨ་མུའར་མངའ་སྡེའི་ཤར་ཕྱོ