ལི་པི་ཡའི་ཤར་རྒྱུད་ས་ཁུལ་དུ་ཐོན་པའི་ཆུ་ལོག་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དྲུག་སྟོང་ལས་བརྒལ་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་འཕྲོད་བསྟེན་པུའི་པུའུ་ཀྲང་གཞོན་པ་ཝ་ཅི་ལེ་ཡིས་སྤྱི་ཚེས་13ཉིན། ལི་པི་ཡའི་ཤར་རྒྱུད་ས་ཁུལ་གྱི་ཆུ་ལོག་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དྲུག་སྟོང་ལས་བརྒལ་ཡོད་ཅེས་བཤད་ཡོད།
ཝ་ཅི་ལི་ཡིས་ཉིན་དེར། མིག་སྔར་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དེ་ཐོག་མའི་བསྡོམས་རྩིས་ཤིག་རེད། དེའི་ཁྲོད་ཏེའར་ན་གྲོང་ཁྱེར་རུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མང་ཤོས་ཡིན་ཞེས་བཤད་པ་དང་། དེ་དང་ཆབས་ཅིག་ཁོང་གིས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་དེ་སླད་ཀྱི་ཆུ་ཚོད་ཁ་ཤས་ནང་འཕར་རྒྱུ་ཡིན་པའི་སྔོན་དཔག་བྱས་འདུག དེ་མིན་ད་དུང་རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ཀྱིས་སྤེལ་བའི་གནས་ཚུལ་ནང་། ད་ཐེངས་ཀྱི་ཆུ་ལོག་གནོད་འཚེའི་དོན་རྐྱེན་དེས་མི་འབོར་ཁྲི་བཅུ་ཡོད་པའི་ཏེའར་ན་གྲོང་ཁྱེར་གྱི་མི་ཁྲི་གསུམ་དང་ལྔ་སྟོང་ཆགས་ས་བརྟེན་ས་མེད་པར་གྱུར་ཡོད་ཅེས་བཤད་འདུག ལི་པི་ཡའི་ཤར་རྒྱུད་སྲིད་གཞུང་གི་པུའུ་ཀྲང་གཅིག་གི་ཉིན་དེར། གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་ཏེའར་ན་གྲོང་ཁྱེར་ཁོ་ནར་རྐྱེན་ལམ་དུ་ཤོར་བའི་མི་5300ལྷག་གི་ཕུང་པོ་རྙེད་ཡོད་པས། ཁོང་གིས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་དུང་འཕར་རྒྱུ་ཡིན་པ་མ་ཟད་མཐའ་ན་དེ་ལས་ལྡབ་འགྱུར་གྱིས་འཕར་བཟོ་ཡོད་པའི་སྔོན་དཔག་བྱས་འདུག
སྤྱི་ཚེས་13ཉིན། ལི་པི་ཡའི་སྲིད་གཞུང་གིས་ཏེའར་ན་ཡི་གྲོང་མི་ཡོངས་ནས་གང་མགྱོགས་གནས་དེ་ལས་ཁ་བྲལ་ཏེ་དམག་དཔུང་ནས་འཚོལ་སྐྱོབ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།