དབྱི་རག་གི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་དབྱི་རན་གྱི་རྒྱལ་ས་ཏེ་ཧེ་ལན་དུ་འཚམས་འདྲིར་བསྐྱོད་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་རག་གི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་སྤྱི་ཚེས་13ཉིན་དབྱི་རན་གྱི་རྒྱལ་ས་ཏེ་ཧེ་ལན་དུ་འཚམས་འདྲིར་བསྐྱོད་ཡོད། ཁོང་གི་འཚམས་འདྲིའི་རིང་། དབྱི་རག་སྲིད་གཞུང་གིས་རྒྱལ་ཁབ་དེའི་དབྱི་རན་དང་ཉེ་བའི་མཐའ་མཚམས་ས་ཁལ་གྱི་དྲག་ཆས་པ་དག་མེད་པ་བཟོས་ཟིན་པ་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག་དབྱི་རན་དབར་གྱི་འབྲེལ་བ་ཡག་པོ་ཡོད་ཚུལ་བསྟན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།