ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཡར་ཐོན་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་སྟེ། ཨ་ཧྥེ་རི་ཁ་མནའ་འབྲེལ་གདན་ཞུ་ལྟར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ངོ་མར་གྱུར་བར་རྒྱལ་སྤྱིའི་མི་སྣས་གྲོས་བསྡུར་ཚ་ཚ་འུར་འུར་བྱས་པ།

2023-09-13 16:41:00     责编:桑吉卓玛

རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིས་ཉེ་ཆར་སྐོང་འཚོགས་བྱས་པའི་དབུ་ཚོགས་ཐོག་ཨ་ཧྥེ་རི་ཁ་མནའ་འབྲེལ་ཁོངས་མི་ངོ་མར་གདན་ཞུ་བྱེད་པའི་ཐད་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་ཡོད་པ་རེད།

རྒྱལ་སྤྱིའི་མི་སྣས་ཨ་ཧྥེ་རི་ཁ་མནའ་འབྲེལ་དེ་ཉིད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནང་ཞུགས་པ་དེས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་གོང་འཕེལ་གྱི་བར་མཐོངས་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ་བཅས་བྱ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

དུས་ཡུན་རིང་པོའི་ནང་། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་ལ་རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་ཞུགས་ཚད་དང་སྐད་ཆ་ཤོད་དབང་དེ་བས་མང་བ་བརྩོན་ལེན་བྱ་རྒྱུར་གཞོལ་གྱི་ཡོད། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་2063ལོའི་གྲོས་རིམ་ཞེས་པའི་ནང་གི་རེ་འདུན་ཆེན་པོ་བདུན་གྱི་གྲས་ཤིག་ནི་ཨ་ཧྥེ་རི་ཁ་གླིང་དེ་སྟོབས་ལྡན་དང་མཐུན་སྒྲིལ། མཉེན་ཆ་ལྡན་ཞིང་ཤུགས་རྐྱེན་ཆེ་བ་བཅས་ཀྱི་གོ་ལ་ཧྲིལ་པོར་ཞུགས་མཁན་དང་རོགས་ཟླ་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་ཡིན། རྒྱལ་སྤྱིའི་མི་སྣས་ཨ་ཧྥེ་རི་ཁ་མནའ་འབྲེལ་དེ་ཉིད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་ངོ་མར་གྱུར་བ་དེས། ཨ་ཧྥེ་རི་ཁ་གླིང་གིས་འཛམ་གླིང་གི་གར་སྟེགས་ཐོག་ཨ་ཧྥེ་རི་ཁའི་སྐད་གསང་སྔར་བས་མཐོན་པོ་གྲགས་པར་ཕན་པ་ཡོད་ལ། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁེ་དབང་དེ་བས་མང་བ་བརྩོན་ལེན་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་བསྟན་ཡོད་པ་རེད།

ཨེ་ཅིབ་ཀྱི་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ༼ གཏོར་གཟུགས་མཆོད་རྟེན་ཚགས་པར༽་གྱི་ཆེད་བསྒྲིགས་ལེ་ཚན་གྱི་རྩོམ་པ་པོ་ཅཱ་པ་ལས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནང་ཞུགས་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་གོ་གནས་དང་ཕན་ནུས། ཤུགས་རྐྱེན་ཐེབས་ཤུགས་བཅས་ལ་མཐོང་ཆེན་བྱེད་ཀྱི་ཡོད་པ་མཚོན་ཞིང་། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོའི་གོང་འཕེལ་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ནུས་པ་ཐེབས་རྒྱུ་དང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་ཅེས་བསྟན་ཡོད་པ་རེད།

ཁེན་ཉི་ཡའི་ཨ་ཧྥེ་རི་ཁའི་སྲིད་ཇུས་ཞིབ་འཇུག་སུའོ་ཡི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཏན་ཉི་སི་་མུའུ་ནེ་ནེས། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་མི་འབོར་ཧ་ཅང་མང་བས། ཨ་ཧྥེ་རི་ཁ་མནའ་འབྲེལ་དེ་ཉིད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིར་གྱུར་བ་དེས་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོའི་ཉོ་ཚོང་དང་མ་འཇོག་ཐད་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་རྒྱུ་དང་།ཨ་ཧྥེ་རི་ཁ་གླིང་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
སོ་ཏི་ཨ་རབ་ཀྱི་ཚན་ཞིབ་དང་ཤེས་བྱ་སྤེལ་རེས་ལྟེ་གནས་ཀྱི་ཞིབ་འཇུག་པ་མུ་ཧ་མོ་ཏེ་་ས་ཏི་ཁེས། ལོ་མང་རིང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་ཧུར་ཐག་བཅགས་ནས་ཨ་ཧྥེ་རི་ཁ་གླིང་དར་རྒྱས་ཡོང་བར་སྣེ་ཁྲིད་བྱས་ཡོད། ཨ་ཧྥེ་རི་ཁ་མནའ་འབྲེལ་དེ་ཉིད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནང་ཞུགས་རྗེས། ཨ་ཧྥེ་རི་ཁ་གླིང་གི་ཚབ་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་སྟེགས་བུ་གལ་ཆེན་འདིའི་ཐོག་རྒྱལ་སྤྱིའི་བྱ་དོན་མཐུན་སྦྱོར་ཁྲོད་ཞུགས་ཆོག་ལ། ཨ་ཧྥེ་རི་ཁ་གླིང་གིས་འཛམ་གླིང་གི་གར་སྟེགས་ཐོག་སྐད་གསང་མཐོན་པོས་སྐད་ཆ་ཤོད་པ་ལའང་ཕན་ཐོགས་ཡོད་ཅེས་བསྟན་ཡོད་པ་རེད།

གོ་ལ་ཧྲིལ་པོའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས། ཀྲུང་གོ་ནི་རྣམ་འགྱུར་གསལ་པོའི་ཐོག་ནས་ཨ་ཧྥེ་རི་ཁ་མནའ་འབྲེལ་དེ་ཉིད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་དང་པོ་དེ་ཡིན་པ་དང་། ཀྲུང་གོས་ཨ་ཧྥེ་རི་ཁ་མནའ་འབྲེལ་ལ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བྱེད་པའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད།

ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། ཁོའོ་མོ་ལོའི་ཙུང་ཐུང་ཨ་ཀྲ་ལི་་ཨ་སུའུ་མཱ་ཉིས། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་བར་གྱི་མཉམ་ལས་འབྲེལ་བ་ཡུན་རིང་བརྟན་ལྷིང་དང་ཉིན་བཞིན་ཇེ་བཟང་འགྲོ་བཞིན་ཡོད། སྔ་ནས་ད་བར། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་དཔལ་འབྱོར་གོང་འཕེལ་དང་རང་བཙན་སྲ་བརྟན། སྤྱི་ཚོགས་ཀྱི་གནད་དོན་ཐག་གཅོད་བཅས་བྱེད་པའི་ཐད་རོགས་སྐྱོར་བྱས་དང་བྱེད་མུས་ཡིན་ཞིང་། ཨ་ཧྥེ་རི་ཁ་མནའ་འབྲེལ་ཕྱོགས་ནས་ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁ་མནའ་འབྲེལ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཞན་དག་དང་ཐུན་མོང་ཐོག་མཉལ་ལས་ལ་སྐུལ་སྤེལ་བཏང་ནས་འགྲན་སློང་ལ་ཁ་གཏོད་གཅོག་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧེ་ནེ་སི་པའོ་སློབ་ཆེན་གྱི་ཨ་ཧྥེ་རི་ཁ་དང་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་ཞིབ་འཇུག་པ་ཁོའོ་ཧྥེ་་ཁུ་ཨ་ཁུ་ཡིས། ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་སྐྱིད་ཀྱི་རྟ་ཕོར་མཉམ་ཞོན་དང་སྡུག་གི་ཁུར་པོ་མཉམ་ཁུར་གྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་ཡག་པོ། སྤུན་ཟླ་འཆམ་པོ་བཅས་ཡིན་པ་དང་། སྔ་བར་ཕྱི་གསུམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཕན་ཚུན་གཉིས་ཕན་མཉམ་རྒྱལ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཀྲུང་གོས་བྱ་སྤྱོད་ངོ་མས་ཐོག་ནས་ཇི་སྲིད་བར་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཕྱོགས་གཅིག་ཏུ་གནས་པའི་ལངས་ཕྱོགས་བརྟན་པོ་འཛིན་ལུགས་གསལ་པོར་བསྟན་ཡོད། འབྱུང་འགྱུར་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་མཉམ་ལས་ཀྱི་ལམ་སྲོལ་ནང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཀྱི་བར་མཐོངས་སྔར་བས་རྒྱ་ཆེ་ལ་ཁོད་སྙོམས་པའི་ཡིད་ཆེས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

ཉི་ཀྲི་རི་ཡའི་ཨ་པུའུ་ཅ་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བའི་ཚན་ཁག་གི་ཀྲུའུ་རེན་ཤེ་ལི་ཧྥུ་་དབྱི་པུའུ་ལ་ཤིན་གྱིས། དེང་གི་འཛམ་གླིང་ནི་ཟང་ཟིང་དང་འཕོ་འགྱུར་གསར་པའི་དུས་རིམ་ལ་སླེབས་ཤིང་། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་རྦ་རླབས་གྱེན་ལྡོག་ལྟར་འཕྱུར་བཞིན་ཡོད་པ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་ནང་ཞུགས་པ་ལས་རྒྱལ་ཁབ་ཉི་ཤུ་ཚོགས་པར་གོ་ལ་ཧྲིལ་པོའི་མཚོན་བྱེད་རང་བཞིན་དེ་བས་ལྡན་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་ཕན་པ་ཡོད་ཅེས་བཤད་པ་རེད།

ཨ་ཀེན་ཐིང་ལ་ཕུའུ་ལ་ཐ་རྒྱལ་བཙུགས་སློབ་ཆེན་གྱི་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་སི་ཧྥུའུ་ལན་གྱིས། ཨ་ཧྥེ་རི་ཁ་མནའ་འབྲེལ་དེ་ཉིད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ངོ་མར་གྱུར་བ་དེའི་ཐོག་ནས་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོ་དེ་རྒྱལ་སྤྱིའི་བྱ་དོན་ནང་གི་ཞུགས་མཁན་གལ་ཆེན་དུ་འགྱུར་རྒྱུ་ཡིན་པ་མཚོན་ཡོད། དེ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་སྐད་སྒྲ་དེ་བས་ཆེ་བ་སྒྲོག་པ་དང་རྒྱལ་སྤྱིའི་གོང་འཕེལ་མཉམ་ལས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་དམངས་གཙོ་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱ་རྒྱུ་ལའང་ཕན་པ་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཡར་ཐོན་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་སྟེ། ཨ་ཧྥེ་རི་ཁ་མནའ་འབྲེལ་གདན་ཞུ་ལྟར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ངོ་མར་གྱུར་བར་རྒྱལ་སྤྱིའི་མི་སྣས་གྲོས་བསྡུར་ཚ་ཚ་འུར་འུར་བྱས་པ།

རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིས་ཉེ་ཆར་སྐོང་འཚོགས་བྱས་པའི་དབུ་ཚོགས་ཐོག་ཨ་ཧྥེ་རི་ཁ་མནའ་འབྲེལ་ཁོངས་མི་ངོ་མར་གདན་ཞུ་བྱེད་པའི་ཐད་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་ཡོད་པ་རེད།