ཕུ་ཅིང་གིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཡུག་རེན་ལ་གྱེས་གཏོེར་འབར་མདེལ་སོགས་གོ་མཚོན་མཁོ་འདོན་བྱས་ནའང་གཡུལ་སའི་གནས་བབ་ལ་འགྱུར་ལྡོག་གཏོང་མི་ཐུབ་ཅེས་བསྟན་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༢ཉིན་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཡུག་རེན་ལ་གྱེས་གཏོར་འབར་མདེལ་སོགས་གོ་མཚོན་མཁོ་འདོན་བྱས་ནའང་གཡུལ་སའི་གནས་བབ་ལ་འགྱུར་ལྡོག་གཏོང་མི་ཐུབ་ཅེས་བསྟན་ཡོད། ཕུ་ཅིང་གིས། ཨ་རིའི་སྲིད་གཞུང་གིས་ཡོངས་བསྒྲགས་ཐོག་གྱེས་གཏོར་འབར་མདེལ་བེད་སྤྱོད་བཏང་ཚེ་དམག་འཁྲུག་གི་ཉེས་པ་ཡོད་ཅེས་བསྟན་མྱོང་ཡོད་ནའང་། ཁོང་ཚོས་ཡུག་རེན་ཕྱོགས་ལ་མཁོ་འདོན་བྱེད་ཀྱི་ཡོད་ཅེས་སྐྱོན་འཛུགས་བྱས་ཡོད། དེ་མིན། ཕུ་ཅིང་གིས། ཡུག་རེན་གྱིས་རྒོལ་ལན་སློག་པ་ནས་བཟུང་། ཡུག་རེན་དྲག་ཆས་དཔུང་སྡེའི་མི་སྣ་དང་གོ་མཚོན་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད་པ་དང་། ཡུག་རེན་ཕྱོགས་ཀྱིས་རྒོལ་ལན་སློག་ནའང་ཕན་འབྲས་གང་ཡང་ཐོན་མེད་ཅེས་བཤད་ཡོད། ཡུག་རེན་ཙུང་ཐུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད་སྟངས་དེར་དགག་པ་བརྒྱབ་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།