ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕོ་ལན་གྱིས་ཡུག་རེན་གྱི་ཞིང་ལས་ཐོན་རྫས་ལ་བཟུང་བའི་བཀག་སྡོམ་བྱ་ཐབས་ཀྱི་ལག་བསྟར་དུས་ཡུན་ནར་འགྱངས་གཏོང་རྒྱུ་ཡིན་ཞེས་བསྟན་པ།

2023-09-13 16:37:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གྲོས་ཆོད་ལ་གྲོས་འཆམ་བྱུང་བ་བརྒྱུད་སྤྱི་ཚེས་༡༢ཉིན་ཕོ་ལན་སྲིད་གཞུང་གིས། ཡོ་རོབ་མནའ་འབྲེལ་གྱིས་བཀག་སྡོམ་བྱ་ཐབས་ལག་བསྟར་བྱེད་པའི་དུས་ཡུན་རིང་དུ་བཏང་ཡོད་ནའང་འདྲ་མེད་ནའང་འདྲ། ཕོ་ལན་གྱིས་ཡུག་རེན་གྱི་ཞིང་ལས་ཐོན་རྫས་ལ་བཟུང་བའི་བཀག་སྡོམ་བྱ་ཐབས་ལག་བསྟར་བྱེད་པའི་དུས་ཡུན་རིང་དུ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། ད་ལོའི་ཟླ་ལྔ་པར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས། པོ་ཀ་རི་ཡ་དང་། ཧང་ཀ་རི། ཕོ་ལན། རོ་མ་ཉི་ཡ། སི་ལོ་ཧྥ་ཁེ་བཅས་སུ་ཡུག་རེན་གྱི་ཞིང་ལས་ཐོན་རྫས་བཞི་རྒྱལ་ཁབ་ལྔ་པོ་དེ་དག་ཏུ་རང་མོས་ཉོ་ཚོང་བྱ་རྒྱུར་གནས་སྐབས་བཀག་སྡོམ་བྱ་རྒྱུ་ཡིན། ཡིན་ནའང་རྒྱལ་ཁབ་དེ་དག་བརྒྱུད་ནས་ཕྱིར་འདྲེན་བྱེད་ཆོག་པའི་ཁྱབ་བསྒྲགས་བྱས་ཡོད། བཀག་སྡོམ་གྱི་བཀའ་རྒྱ་དེ་སྤྱི་ཟླ་༩ཚེས་༡༥ཉིན་དུས་བཀག་ཐིམས་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཕོ་ལན་གྱིས་ཡུག་རེན་གྱི་ཞིང་ལས་ཐོན་རྫས་ལ་བཟུང་བའི་བཀག་སྡོམ་བྱ་ཐབས་ཀྱི་ལག་བསྟར་དུས་ཡུན་ནར་འགྱངས་གཏོང་རྒྱུ་ཡིན་ཞེས་བསྟན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གྲོས་ཆོད་ལ་གྲོས་འཆམ་བྱུང་བ་བརྒྱུད་སྤྱི་ཚེས་༡༢ཉིན་ཕོ་ལན་སྲིད་གཞུང་གིས། ཡོ་རོབ་མནའ་འབྲེལ་གྱིས་བཀག་སྡོམ་བྱ་ཐབས་ལག་བསྟར་བྱེད་པའི་དུས་ཡུན་རིང་དུ་བཏང་ཡོད་ནའང་འདྲ་མེ