ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

སུའུ་ཏན་དྲག་ཆས་གདོང་ཐུག་ཕྱོགས་གཉིས་པོའི་བར་རྒྱལ་ས་ཁ་ཐུ་མུར་མུ་མཐུད་གདོང་ཐུག་དྲག་པོ་བྱུང་བ།

2023-05-26 15:54:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སུའུ་ཏན་དྲག་ཆས་གདོང་ཐུག་ཕྱོགས་གཉིས་པོ་སྟེ། སུའུ་ཏན་དྲག་ཆས་དཔུང་སྡེ་དང་འཕྲལ་སྒྲུབ་རོགས་སྐྱོབ་དཔུང་སྡེས་སྤྱི་ཚེས་25ཉིན་རྒྱལ་ས་ཁི་ཐུ་མུ་གནས་སའི་ཁ་ཐུ་མུ་ཁུལ་གྱི་ས་ཆ་ཁ་ཤས་སུ་མུ་མཐུད་གདོང་ཐུག་དྲག་པོ་བྱུང་བ་དང་། ཕྱོགས་གཉིས་པོས་དམག་འཐབ་གནམ་གྲུ་དང་མེ་སྐྱོགས་སོགས་གོ་མཚོན་ཤུགས་ཆེ་གྲས་བེད་སྤྱོད་བྱས་ཡོད། དེའི་ནང་། ཨེན་ཐུ་མན་ནུབ་རྒྱུད་ས་ཁུལ་གྱི་གདོང་ཐུག་ནི་ཚབས་ཆེ་ཤོས་ཡིན་པ་རེད། སུའུ་ཏན་དྲག་ཆས་དཔུང་སྡེ་དང་འཕྲལ་སྒྲུབ་རོགས་སྐྱོབ་དཔུང་སྡེས་ཟླ་བ་འདིའི་སྤྱི་ཚེས་20ཉིན། གནས་སྐབས་དམག་མཚམས་བཞག་པའི་སྐོར་གྱི་གྲོས་ཆོད་ཅིག་ལ་མིང་རྟགས་བཀོད་པས་གྲོས་ཆོད་དེས་གནས་དེ་གའི་དུས་ཚོད་སྤྱི་ཚེས་22ཉིན་དངོས་སུ་ནུས་པ་ཐོན་རྒྱུ་ཡིན་པ་རེད། འོན་ཀྱང་སྤྱི་ཚེས་23ཉིན་གྱི་དགོང་མོ་ནས་བཟུང་། ཕྱོགས་གཉིས་པོའི་དབར་སླར་ཡང་གདོང་ཐུག་ཐོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

སུའུ་ཏན་དྲག་ཆས་གདོང་ཐུག་ཕྱོགས་གཉིས་པོའི་བར་རྒྱལ་ས་ཁ་ཐུ་མུར་མུ་མཐུད་གདོང་ཐུག་དྲག་པོ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སུའུ་ཏན་དྲག་ཆས་གདོང་ཐུག་ཕྱོགས་གཉིས་པོ་སྟེ། སུའུ་ཏན་དྲག་ཆས་དཔུང་སྡེ་དང་འཕྲལ་སྒྲུབ་རོགས་སྐྱོབ་དཔུང་སྡེས་སྤྱི་ཚེས་25ཉིན་རྒྱལ་ས་ཁི་ཐུ་མུ་གནས་སའི་ཁ་ཐུ་མུ