ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུས་བྷེ་ཨུ་རུ་སུར་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་འགོ་ཚུགས་པ་དང་། ཡུག་རེན་ཕྱོགས་ནས་ཕར་རྒོལ་བྱེད་འགོ་ཚུགས་ཟིན་ཞེས་བསྟན་པ།

2023-05-26 15:44:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་25ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་ཧྲའོ་དབྱི་ཀུའུ་དང་བྷེ་ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་ཧོ་ལེ་ཉིང་གིས་བྷེ་ཨུ་རུ་སུར་ཨུ་རུ་སུའི་འཐབ་རྩལ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱ་རྒྱུའི་ཡིག་ཆར་མིང་རྟགས་བཀོད་ཡོད་པ་རེད། ཧྲའོ་དབྱི་ཀུའུ་ཡིས། བྷེ་ཨུ་རུ་སུར་བཀོད་སྒྲིག་བྱས་པའི་འཐབ་རྩལ་ཉིང་རྡུལ་མཚོན་ཆའི་ཚོད་འཛིན་དབང་ཆ་དེ་སྔར་བཞིན་ཨུ་རུ་སུར་ཡོད་ཅེས་བཤད་པ་རེད།

བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་ཡིས། སྤྱི་ཚེས་25ཉིན་ཉིང་རྡུལ་མཚོན་ཆ་སྤོ་སྒྱུར་བྱེད་པའི་ལས་དོན་དེ་ཉིན་ནས་བཟུང་སྤེལ་འགོ་ཚུགས་ཡོད་ཅེས་བཤད་པ་རེད། དེའི་གོང་ཟུར་གསལ་བྱས་པའི་ཆ་འཕྲིན་ལ་གཞིགས་ན། ཨུ་རུ་སུས་སྤྱི་ཟླ་7ཚེས་1ཉིན་གོང་བྷེ་ཨུ་རུ་སུར་འཐབ་རྩལ་ཉིང་རྡུལ་མཚོན་ཆའི་གསོག་ཉར་སྒྲིག་ཆས་འཛུགས་སྐྲུན་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་25ཉིན། ཨུ་རུ་སུའི་ཝ་ཀེ་ནཱ་གླས་དམག་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཝ་ཀེ་ནཱ་དཔུང་སྡེ་ཨར་ཆའོ་མོ་ཕུའུ་སི་ཁེ་ནས་ཕྱིར་འཐེན་བྱེད་བཞིན་ཡོད། དེ་ནི་ཡུག་རེན་གྱིས་པ་ཧོ་མུའུ་ཐེ་ཞེས་བརྗོད་པའི་ས་ཆ་དེ་ཡིན། སྤྱི་ཟླ་6ཚེས་1ཉིན་གོང་ཝ་ཀེ་ནཱ་ཡི་གཙོ་ཤུགས་རྒྱབ་ཕྱོགས་སྒར་སར་སྤོ་རྒྱུ་མ་ཟད། གཡུལ་ས་རྒྱལ་སྲུང་པུའི་དཔུང་སྡེར་རྩིས་སྤྲོད་བྱ་རྒྱུ་ཡིན་པ་རེད།

ཡུག་རེན་ཙུང་ཐུང་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ཉིན་དེར་ཡུག་རེན་གྱི་དྲག་ཆས་དཔུང་སྡེས་ཕར་རྒོལ་ཉིན་ཁ་ཤས་རྒྱུན་མཐུད་བྱས་ཡོད་ཅེས་བཤད་པ་རེད།

ཨུ་རུ་སུའི་ཕྱི་འབྲེལ་པུས་སྤྱི་ཚེས་25ཉིན་ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུར་བཅའ་སྡོད་བྱས་པའི་འཇར་མན་དང་། སུའེ་ཏེན། ཏེན་མག་བཅས་ཀྱི་གཞུང་ཚབ་ཆེ་མོ་བ་དང་ཐུག་འཕྲད་བྱས་ནས་རྒྱལ་ཁབ་གསུམ་གྱིས“པེ་ཞིའི”རང་བྱུང་སོལ་རླངས་ཀྱི་སྦུག་ལམ་འབར་གས་དོན་རྐྱེན་ལ་བརྟག་དཔྱད་བྱས་པར“འབྲས་བུ་གང་ཡང་ཐོན་མེད་པར”རྒོལ་གཏམ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། ཨུ་རུ་སུ་ཕྱོགས་ཀྱིས། རྒྱལ་ཁབ་གསུམ་པོས་རྐང་བཙུགས་ནས་བརྟག་དཔྱད་བྱེད་རྒྱུ་ནར་འགྱངས་བྱས་པ་མ་ཟད། འབར་གས་ཀྱི་ལྐོག་ཇུས་བཤམ་མཁན་སྦ་གསང་བྱེད་རྩིས་འདུག ཨུ་རུ་སུ་ཕྱོགས་ཀྱིས་བརྟག་དཔྱད་ཀྱི་ནང་དོན་གསལ་པོ་མེད་པའི་རང་བཞིན་དང་དེ་བཞིན་རྒྱལ་ཁབ་གསུམ་པོས་བརྟག་དཔྱད་བྱེད་སྐབས་ཨུ་རུ་སུ་ཕྱོགས་དང་འབྲེལ་གཏུག་བྱ་རྒྱུ་དང་ལེན་མ་བྱས་པས་བློ་ཡིད་ཚིམ་པོ་མ་བྱུང་། ཨུ་རུ་སུས་ཡོ་རོབ་ལ་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་པའི“པེ་ཞིའི”སྦུག་ལམ་དེ་ན་ནིང་སྤྱི་ཟླ་9པའི་ཟླ་མཇུག་ཏུ་ཟགས་ཐོན་ཤོར་བ་དང་། མཚོ་ཁོངས་སུ་ཟགས་པ་དེས་མཚོ་འོག་ཏུ་འབར་གས་ཐེངས་གཉིས་བྱས་པ་འཚོལ་ཞིབ་ཐུབ་ཡོད་ཅིང་། ཕྱོགས་ཁག་གིས་སྦུག་ལམ་ལ་རྐང་བཙུགས་ནས་གཏོར་བཤིག་བཏང་བའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་རྗེས་ཏེན་མག་དང་། སུའེ་ཏེན། འཇར་མན་བཅས་ཀྱིས་རང་ཚུགས་བརྟག་དཔྱད་བྱེད་འགོ་ཚུགས་པ་རེད།

ཨུ་རུ་སུས་ཐུན་མོང་ཐོག་བརྟག་དཔྱད་བྱ་རྒྱུའི་རེ་འབོད་ཐེངས་མང་བྱས་ཀྱང་ཚང་མ་ཁས་ལེན་བྱས་མེད་ཅེས་བཤད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཨུ་རུ་སུས་བྷེ་ཨུ་རུ་སུར་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་འགོ་ཚུགས་པ་དང་། ཡུག་རེན་ཕྱོགས་ནས་ཕར་རྒོལ་བྱེད་འགོ་ཚུགས་ཟིན་ཞེས་བསྟན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་25ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་ཧྲའོ་དབྱི་ཀུའུ་དང་བྷེ་ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་ཧོ་ལེ་ཉིང་གིས་བྷེ་ཨུ་རུ་སུར་ཨུ་རུ་སུའི་འཐབ་རྩལ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱ་རྒྱུའི་ཡིག་ཆར་མིང་རྟག