ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཡ་མེ་ཉི་ཡ་དང་ཨ་སའེ་པེ་ཅང་གིས་མངའ་ཁོངས་ས་ཆ་ཧྲིལ་པོ་ངོས་འཛིན་རྩིས་ལེན་བྱེད་པའི་ཐད་ཕན་ཚུན་མོས་མཐུན་བྱས་པ།

2023-05-26 15:41:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་25ཉིན། ཡ་མེ་ཉི་ཡའི་ཙུང་ལི་ཧྥ་ཧྲེ་ཉི་ཡང་གིས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར། ཡ་མེ་ཉི་ཡ་དང་ཨ་སའེ་པེ་ཅང་གིས་མངའ་ཁོངས་ས་ཆ་ཧྲིལ་པོ་ངོས་འཛིན་པའི་ཐད་ཕན་ཚུན་ཁས་ལེན་བྱེད་པའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད་ཅེས་བསྟན་པ་རེད། ཨ་སའེ་པེ་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཕུའུ་ཡིས་ཉིན་དེར་ཡང་། ཡ་མེ་ཉི་ཡས་ནཱ་ཁ་ས་ཁུལ་དེ་ཨ་སའེ་པེ་ཅང་གི་ཆ་ཤས་ཤིག་ཡིན་པ་ཁས་ལེན་བྱས་པར་བསམ་བློ་བཏང་ནས་རྒྱལ་ཁབ་གཉིས་པོའི་དབར་ཞི་བའི་གྲོས་མོལ་འཇོག་ཐུབ་བཟོ་ཡོད་ཅེས་བཤད་པ་རེད། ནཱ་ཁ་ས་ཁུལ་དེ་ནི་ཨ་སའེ་པེ་ཅང་གི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། ཡུལ་མི་མང་ཆེ་བ་ནི་ཡ་མེ་ཉི་ཡའི་རིགས་ཡིན་པ་རེད། སུའུ་ལན་ཁ་ཐོར་དུ་ཕྱིན་པའི་རྗེས། ཨ་སའེ་པེ་ཅང་དང་ཡ་མེ་ཉི་ཡ་རྒྱལ་ཁབ་གཉིས་པོའི་བར་ནཱ་ཁ་ས་ཁུལ་སུར་བདག་མིན་དབང་གིས་དམག་འཁྲུག་ལངས་ཡོད། མ་གཞི་རྒྱལ་ཁབ་གཉིས་པོ་ས་1994ལོར་ཁྱོན་ཡོངས་ནས་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་ལ་མོས་མཐུན་བྱུང་མོད། འོན་ཀྱང་ནཱ་ཁ་ས་ཁུལ་གྱི་གནད་དོན་དབང་གིས་དགྲ་ཁ་གཏད་དུ་ལངས་པའི་གནས་བབ་ཐོག་མཐའ་བར་གསུམ་དུ་རྒྱུན་མཐུད་ཡོད་པ་དང་། དྲག་པོའི་གདོང་གཏུགས་ཀྱང་སྐབས་དང་མཚམས་ལ་ཐོན་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཡ་མེ་ཉི་ཡ་དང་ཨ་སའེ་པེ་ཅང་གིས་མངའ་ཁོངས་ས་ཆ་ཧྲིལ་པོ་ངོས་འཛིན་རྩིས་ལེན་བྱེད་པའི་ཐད་ཕན་ཚུན་མོས་མཐུན་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་25ཉིན། ཡ་མེ་ཉི་ཡའི་ཙུང་ལི་ཧྥ་ཧྲེ་ཉི་ཡང་གིས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར། ཡ་མེ་ཉི་ཡ་དང་ཨ་སའེ་པེ་ཅང་གིས་མངའ་ཁོངས་ས་ཆ་ཧྲིལ་པོ་ངོས་འཛིན་པའི་ཐད་