ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིས་ཐའེ་ཝན་དང་འབྲེལ་བའི་གྲོས་གཞིར་ཁས་ལེན་མ་བྱས་པ་ནི་དྲང་བདེན་གྱི་བྱ་སྤྱོད་ཅིག་དང་མི་སེམས་གཏད་ཕྱོགས་དང་མཐུན་པ་ཞིག་ཡིན།

2023-05-26 09:57:00     责编:桑吉卓玛

སྤྱི་ཟླ་5ཚེས་22ཉིན། སྐབས་76པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྤྱི་གཉེར་ཨུ་ཡོན་ལྷན་ཁང་དང་ཚང་འཛོམས་གྲོས་ཚོགས་ཀྱིས་ཁག་སོ་སོར། རྒྱལ་ཁབ་རེ་ཟུང་གིས་བཏོན་པའི“ཐའེ་ཝན་དེ་ཉིད་ལྟ་ཞིབ་པའི་མིང་ཐོག་ནས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་རྒྱུར་གདན་ཞུ་བྱེད་དགོས”ཞེས་པའི་གྲོས་གཞི་དེ་ཚོགས་ཆེན་གྱི་གྲོས་རིམ་ནང་འཇུག་རྒྱུར་ཁས་ལེན་རྒྱུ་མིན་པའི་ཐག་གསལ་པོ་བཅད་ཡོད།

འདི་ནི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིས་བསྟུད་མར་ཐའེ་ཝན་དང་འབྲེལ་བ་ཡོད་པའི་གྲོས་གཞི་ཟེར་བ་དང་ལེན་མ་བྱས་པའི་ལོ་བདུན་པ་དེ་ཡིན་ཞིང་། དེའི་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མི་སེམས་གཏད་ས་དང་དུས་ཀྱི་འཁོར་ཕྱོགས་ཡིན་པས་འགྲན་སློང་གང་ཡང་བྱེད་མི་རུང་བ་གསལ་བཤད་གང་ལེགས་བྱས་ཡོད།
ཀྲུང་གོའི་ཐའེ་ཝན་ས་ཁུལ་རྒྱལ་སྤྱིའི་རྩ་འཛུགས་ནང་ཞུགས་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱེད་སྒོའི་ནང་ཞུགས་པ་ཚུད་པའི་གནད་དོན་ཐད། ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་བརྟན་པོ་དང་ཁ་གསལ་ཡིན་པ་སྟེ། ངེས་པར་དུ་ཀྲུང་གོ་གཅིག་གི་རྩ་དོན་ལྟར་ཐག་གཅོད་བྱ་དགོས་པ་དེ་ཡིན་ཞིང་། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང་2758དང་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་གྲོས་ཆོད་ཨང་25.1པའི་ནང་གཏན་འཁེལ་བྱས་པའི་གཞི་རྩའི་རྩ་དོན་ཞིག་ཀྱང་རེད།

2009ལོ་ནས་2016ལོའི་བར། ཐའེ་ཝན་ས་ཁུལ་གྱིས་ལོ་8བསྟུད་མར“ཀྲུང་ཧྭ་ཐའེ་པེ”ཡི་མིང་ཐོག་དང་ལྟ་ཞིབ་པའི་ཐོབ་ཐང་ཐོག་ནས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་པ་དེ་ནི་མཚོ་འགག་གཡས་གཡོན་གཉིས་པོས་ཀྲུང་གོ་གཅིག་གི་རྩ་དོན་མཚོན་རྒྱུ་མཐའ་འཁྱོངས་བྱེད་པའི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱི་རྨང་གཞིའི་ཐོག མཚོ་འགག་གཡས་གཡོན་གཉིས་དབར་གྲོས་མོལ་བྱས་པ་བརྒྱུད་དམིགས་བསལ་བཀོད་སྒྲིག་བྱས་པ་ཞིག་རེད། དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་2016ལོར་སྲིད་སྟེགས་ཐོག་སླེབས་པ་ནས་བཟུང་ཆབ་སྲིད་ཀྱི་ལྐོག་གཡོ་དེ་ཐའེ་ཝན་ས་ཁུལ་གྱི་མི་དམངས་ཀྱི་བདེ་སྐྱིད་ལས་གལ་ཆེ་བའི་གནས་བབ་ཐོག་ཏུ་བཞག་ནས“ཐའེ་ཝན་རང་བཙན”ཟེར་བའི་ཁ་ཕྲལ་ལངས་ཕྱོགས་མཐའ་འཁྱོངས་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”ཁས་མ་བླངས་པས། ཐའེ་ཝན་ས་ཁུལ་དེ་ཉིད་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་པའི་ཆབ་སྲིད་ཀྱི་རྨང་གཞི་གཏན་ནས་མེད་པ་བཟོས་ཡོད། ཀྲུང་གོ་གཅིག་གི་རྩ་དོན་སྲུང་སྐྱོང་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དང་དེ་བཞིན་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་བྱ་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཐའེ་ཝན་ས་ཁུལ་ད་ལོའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་རྒྱུར་མོས་མཐུན་བྱ་རྒྱུ་མིན་པའི་ཐག་བཅད་པ་དེ་ནི་དྲང་བདེན་ཡིན་པ་མ་ཟད་དགོས་ངེས་ཀྱི་བྱེད་ཐབས་ཤིག་ཀྱང་རེད།

འཛམ་གླིང་ཐོག་དྲང་བདེན་གཙོ་སྐྱོང་བྱེད་མཁན་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་ནས་ཐའེ་ཝན་ས་ཁུལ་ད་ལོའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་རྒྱུར་མོས་མཐུན་མི་བྱེད་རྒྱུའི་ཐག་བཅད་པར་ཡོངས་ཁྱབ་ཐོག་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། དུས་མཚམས་ཤིག་རིང་། རྒྱལ་ཁབ་140ཙམ་གྱིས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་ཁ་གསལ་བསྟན་ཡོད།

རྒྱལ་ཁབ་བརྒྱ་ཙམ་གྱིས་ཆེད་མངགས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་བྱར་འཕྲིན་ཡིག་སྤྲིངས་པའམ་ཡང་ན་ཡོངས་ཁྱབ་ཐོག་གསལ་བསྒྲགས་སྤེལ་ནས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་དང་ཐའེ་ཝན་ཚོགས་འདུར་ཞུགས་རྒྱུར་ངོ་རྒོལ་བྱ་རྒྱུའི་བསྐྱར་བསྒྲགས་བྱས་པ་དང་། ཐའེ་ཝན་ལ་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་པའི་ཆབ་སྲིད་ཀྱི་རྨང་གཞི་མེད་པས། ཐའེ་ཝན་དང་འབྲེལ་བ་ཡོད་པའི་གནད་དོན་གྱིས་ཚོགས་འདུའི་འཕེལ་རིམ་ལ་འགོག་རྐྱེན་བཟོ་མི་རུང་བའི་སྐོར་སོགས་ནན་བཤད་བྱས་པ་རེད། དྲང་བདེན་གྱི་སྐད་སྒྲ་འདི་དག་གི་ཐོག་ནས་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་ཆེ་བས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་ཐའེ་ཝན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཡང་དག་པའི་ལངས་ཕྱོགས་མཐའ་འཁྱོངས་བྱེད་བཞིན་པ་གསལ་བཤད་གང་ལེགས་བྱས་ཡོད་ལ། ཀྲུང་གོ་གཅིག་གི་རྩ་དོན་ལ་འཁྱོག་བཤད་དང་། ཁས་མི་ལེན་པ། འགྲན་སློང་བཅས་བྱེད་མི་རུང་བ་དང་། “ཐའེ་ཝན་ལ་ཚུལ་མིན་གྱི་ཧམ་སེམས་འཆང་བ”དང“ཐའེ་ཝན་ལ་བརྟེན་ནས་ཀྲུང་གོ་བཀག་སྡོམ་བྱེད་པའི”ལྐོག་གཡོ་གང་རུང་ཞིག་ཡིན་ཀྱང་ཚང་མ་ཕམ་ཉེས་ཀྱི་ཐོག་ནས་མཇུག་འགྲིལ་རྒྱུ་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད།

རྒྱལ་ཁབ་རེ་ཟུང་གིས་“ཐའེ་ཝན་ལྟ་ཞིབ་པའི་མིང་ཐོག་ནས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་ཞུགས་རྒྱུར་གདན་འདྲེན་ཞུ་དགོས”ཞེས་ངན་སྐུལ་བྱས་པ་དེ་ནི་འཕྲོད་བསྟེན་གྱི་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་རེ་དང་ཐའེ་ཝན་གྱི་གནད་དོན་ལ་བརྟེན་ནས་ཀྲུང་གོའི་ནང་སྲིད་ལ་བཙན་ཤེད་ཀྱིས་ཐེ་གཏོགས་བྱ་རྒྱུའི་རེ་སྟོང་བཅངས་པ་རང་རེད། ད་ལོའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་མ་འཚོག་གོང་། ཨ་རིའི་རྒྱལ་དོན་ཁང་གིས་གསལ་བསྒྲགས་ཟེར་བ་ཞིག་སྤེལ་ནས་ཐའེ་ཝན་ས་ཁུལ་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་རྒྱུར་སྐུལ་འདེད་དྲག་པོ་གཏོང་རྒྱུའི་འུད་སྒྲོག་བྱས་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཡང་བཀག་འགོག་བྱེད་མི་རུང་བའི་གནོན་ཤུགས་སྤྲད་ཡོད། ཨ་རིའི་གྲོས་ཚོགས་སྨད་པའི་ཕྱི་འབྲེལ་ཨུ་ཡོན་ལྷན་ཁང་གིས་ད་དུང་ཁྲིམས་གཞི་ཟེར་བ་ཞིག་ལ་གྲོས་འཆམ་བྱས་ཏེ། ཀྲུང་གོའི་འཐུས་མིའི་དབང་ཆའི་ནང་ཐའེ་ཝན་ས་ཁུལ་ཚུད་མེད་ཅེས་ཧམ་བཤད་བྱས་ཡོད། ཨ་རིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་མི་བལྟོས་པར་ཐའེ་ཝན་དང་འབྲེལ་བ་ཡོད་པའི་གནད་དོན་ལ་བརྟེན་ནས་ཆབ་སྲིད་ཀྱི་གཡོ་ཐབས་སྤྱོད་པའི་དམིགས་ཡུལ་ངོ་མ་ནི“ཐའེ་ཝན་ལ་བརྟེན་ནས་ཀྲུང་གོ་བཀག་སྡོམ་བྱ་རྒྱུ”དེ་རེད། ཨ་རིའི་ངན་སྐུལ་དང་ལྐོག་བཀོད་བཏང་བའི་འོག རྒྱལ་ཁབ་རེ་ཟུང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་གྲོས་གཞི་ཕུལ་ཏེ“ཁ་གསབ་རྣམ་གྲངས”ཀྱི་མིང་ཐོག་ནས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་གྲོས་རིམ་ཐོག་ཐའེ་ཝན་དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གི་དབང་འཛིན་ལས་ཁུངས་ཚོགས་འདུར་ཞུགས་རྒྱུའི་གདན་ཞུ་བྱ་རྒྱུའི་སྐོར་གྲོས་བསྡུར་བྱེད་རྩིས་བྱས་པ་རེད།

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིས་འཕྲལ་མར་ཁུངས་ལུང་མེད་པའི་གྲོས་གཞི་དེ་ཁས་མ་བླངས་པ་དེ་ནི་ཨ་རིའི་བཙན་ཤེད་དང་དབང་ཡོད་བྱ་སྤྱོད་ལ་ཡང་བསྐྱར་རྡུང་རྡེག་བཏང་བ་ཞིག་རེད།

འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་དོན་དངོས་དང་ཁྲིམས་གཞིའི་དོན་དངོས་ལ་ཐེ་ཚོམ་སྤུ་ཙམ་ཡང་བྱ་མི་དགོས། དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཏང་གཅིག་གི་ཆབ་སྲིད་ཀྱི་སྒེར་ཕན་ཆེད་ཆབ་སྲིད་ཀྱི་བྱ་ཐབས་འབོར་ཆེན་སྤྱད་དེ་རྒྱལ་སྤྱིའི་ཐོག་གཞན་བློ་འགུག་པའི་ཚུལ་འཆོས་ཡང་ཡང་བསྟན་པ་དང་། “ནད་ཡམས་ལ་བརྟེན་ནས་རང་བཙན་དོན་གཉེར་བྱེད་པའི”རེ་ངན་འཆང་པ་དེ་ནི་ལམ་ཆེན་དོར་ནས་ཐར་ས་མེད་པའི་འཆི་ལམ་ཐོག་བསྐྱོད་རྒྱུ་རང་རེད། རྒྱལ་ཁབ་རེ་ཟུང་གིས་མངོན་སུམ་དང་ལྐོག་གྱུར་གང་རུང་གི་ཐོག་ནས་ངན་སྐུལ་རྒྱབ་སྐྱོར་དང་དོན་རྐྱེན་སློང་རོགས་བྱེད་ཀྱི་ཡོད་ཅིང་། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལས་ལྡོག་པ་དང་རྒྱལ་སྤྱིའི་སྒྲིག་སྲོལ་ལ་རྐང་བཙུགས་ནས་གཏོར་བཤིག་བཏང་བའི་བྱ་སྤྱོད་མ་རབས་དེ་རིགས་མཐར་ཕམ་ཉེས་ཡོང་རྒྱུ་ངེས་གཏན་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིས་ཐའེ་ཝན་དང་འབྲེལ་བའི་གྲོས་གཞིར་ཁས་ལེན་མ་བྱས་པ་ནི་དྲང་བདེན་གྱི་བྱ་སྤྱོད་ཅིག་དང་མི་སེམས་གཏད་ཕྱོགས་དང་མཐུན་པ་ཞིག་ཡིན།

སྤྱི་ཟླ་5ཚེས་22ཉིན། སྐབས་76པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྤྱི་གཉེར་ཨུ་ཡོན་ལྷན་ཁང་དང་ཚང་འཛོམས་གྲོས་ཚོགས་ཀྱིས་ཁག་སོ་སོར། རྒྱལ་ཁབ་རེ་ཟུང་གིས་བཏོན་པའི“ཐའེ་ཝན་དེ་ཉིད་ལྟ་ཞིབ་པའི་མིང་ཐོག་ནས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ན