ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུས་ཡུག་རེན་དམག་གིས་ཨུ་རུ་སུའི་མྱུལ་ཞིབ་དམག་གྲུར་འཇབ་རྒོལ་བྱས་ཡོད་ཅེས་བརྗོད་པ་དང་། ཡུག་རེན་ཙུང་ཐུང་ཙེ་ལན་སི་ཅིས་འཐབ་ས་མདུན་མའི་གནས་ཚུལ་སྙན་སེང་ལ་ཉན་པ།

2023-05-26 09:51:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་རྒྱལ་སྲུང་པུས་སྤྱི་ཚེས་24ཉིན་གྱི་ཐོ་རེངས་ཆུ་ཚོ་5དང་སྐར་མ་30ཐོག ཡུག་རེན་དྲག་ཆས་དཔུང་སྡེས་མི་མེད་དམག་གྲུ་གསུམ་སྤྱད་དེ་རྒྱ་མཚོ་ནག་པོའི་དམག་གྲུ་རུ་ཁག་གི་དབྱི་ཝན་ཧུའར་སི་རྟགས་ཅན་གྱི་མྱུལ་ཞིབ་དམག་གྲུར་འཇབ་རྒོལ་བྱེད་རྩིས་བྱས་ཡོད། འོན་ཀྱང་མི་མེད་དམག་གྲུ་ཡོད་ཚད་ཨུ་རུ་སུའི་དམག་གྲུ་རུ་ཁག་གིས་རྒྱུན་ལྡན་མཚོན་ཆ་སྤྱད་དེ་གཏོར་ཕམ་བཏང་ཡོད་ཅེས་བསྟན་འདུག

ཡུག་རེན་སྨྱན་སྦྱོར་ལས་ཁུངས་ཀྱིས་སྤྱི་ཚེས་24ཉིན་གནས་ཚུལ་སྤེལ་ནས། ཡུག་རེན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཏན་ཉི་ལུའོ་ཕུས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་24ཉིན་གྱི་ཆུ་ཚོད་10པར། ཡུག་རེན་ཙུང་ཐུང་ཙེ་ལན་སི་ཅིས་བཀྲ་ལུའུ་རེ་ནཱ་དང་མི་སྣ་གཞན་དག་གིས་ཞུས་པའི་འཐབ་ས་མདུན་མའི་འབྲེལ་ཡོད་གནས་བབ་ཀྱི་སྙན་སེང་ལ་ཉན་འཇོག་བྱས་ཡོད་ཅེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཨུ་རུ་སུས་ཡུག་རེན་དམག་གིས་ཨུ་རུ་སུའི་མྱུལ་ཞིབ་དམག་གྲུར་འཇབ་རྒོལ་བྱས་ཡོད་ཅེས་བརྗོད་པ་དང་། ཡུག་རེན་ཙུང་ཐུང་ཙེ་ལན་སི་ཅིས་འཐབ་ས་མདུན་མའི་གནས་ཚུལ་སྙན་སེང་ལ་ཉན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་རྒྱལ་སྲུང་པུས་སྤྱི་ཚེས་24ཉིན་གྱི་ཐོ་རེངས་ཆུ་ཚོ་5དང་སྐར་མ་30ཐོག ཡུག་རེན་དྲག་ཆས་དཔུང་སྡེས་མི་མེད་དམག་གྲུ་གསུམ་སྤྱད་དེ་རྒྱ་མཚོ་ནག་པོའི་དམག་གྲུ་རུ་ཁག་གི་དབྱི་ཝན་ཧུའར་སི