ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིས་ཐའེ་ཝན་ཚོགས་འདུར་ཞུགས་པར་རྒྱབ་སྐྱོར་བྱེད་པའི་འཁྲབ་སྟོན་དེ་ལོ་ལྟར་ཕམ་ཁའི་མཇུག་འབྲས་ལས་གཡོལ་བར་དཀའ་བའི་རྒྱུ་མཚན་ཅི་ཡིན་ནམ།

2023-05-24 17:11:00     责编:桑吉卓玛

བསམ་ཡུལ་ལས་མ་འདས་པ་ཞིག་ནི། ཉེ་ཆར་སྐབས་76པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་རྒྱལ་ཁབ་རེ་འགས་ཐའེ་ཝན་དེ་ཉིད་ལྟ་ཞིབ་པའི་མིང་ཐོག་ནས་ཚོགས་འདུར་ཞུགས་རྒྱུར་གདན་ཞུ་བྱེད་པའི་གྲོས་གཞི་དེ་གྲོས་རིམ་ནང་འཇུག་རྒྱུར་ཁས་བླངས་མེད་པ་རེད། དེས་ན། ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱས་ནས་ཚོགས་འདུར་ཞུགས་རྒྱུའི་ལྐོག་གཡོ་དེར་ཐེངས་བདུན་བསྟུད་མར་ཕམ་ཉེས་བྱུང་ཡོད། དེའི་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་ནི་དུས་ཀྱི་འཁོར་ཕྱོགས་དང་མི་སེམས་ཀྱི་གཏད་ཕྱོགས་ཡིན་པ། ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་པའི་འཁྲབ་སྟོན་དེར་རྒྱལ་སྤྱིའི་ཐོག་གྲུབ་འབྲས་གང་མང་ཐོབ་མེད་པ་གསལ་པོར་མཚོན་གྱི་ཡོད་པ་རེད།

ད་ཐེངས་ཀྱི་ཐའེ་ཝན་དང་འབྲེལ་བ་ཡོད་པའི་གྲོས་གཞི་ཟེར་བ་དེ་ནི་པོ་ལི་ཙི་སོགས་རྒྱལ་ཁབ་རེ་འགས་བཏོན་པ་ཞིག་ཡིན་པ་དང་། དོན་དངོས་ཐོག་ཨ་རི་ནི་ཐེངས་འདིའི་གྲོས་གཞི་འདོན་མཁན་གཙོ་བོ་ཞིག་རེད། ཉིན་བཅུ་གྲངས་གོང་། ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས་གསལ་བསྒྲགས་སྤེལ་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཐའེ་ཝན་འདི་ཉིད་ལྟ་ཞིབ་པའི་མིང་ཐོག་ནས་ཚོགས་འདུར་ཞུགས་རྒྱུའི་གདན་ཞུ་བྱ་དགོས་པའི་ངན་སྐུལ་དྲག་པོ་བྱས་ཡོད། ཉིན་ཤས་གོང་། ཐའེ་ཝན་དུ་ཡོད་པའི་ཨ་རིའི་མཐུན་ཚོགས་ཀྱིས་སླར་ཡང་ཐའེ་ཝན་དུ་བཅའ་སྡོད་དབྱིན་ཇི་དང་ཁ་ན་ཏ་སོགས་རྒྱལ་ཁབ་ཀྱི་སྒྲིག་གཞི་དེ་དག་དང་མཉམ་འབྲེལ་ཐོག་ཐའེ་ཝན་ཚོགས་འདུར་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་གནས་ཚུལ་སྤེལ་བ་རེད།

མཇུག་འབྲས་འདི་ཨ་རི་ཕྱོགས་ཀྱིས་གསལ་པོ་མི་ཤེས་པ་མིན་སྟེ། དེ་ཡང་ཐོག་མར་རྒྱུ་རྐྱེན་གལ་ཆེ་ཤོས་དེ་ནི་ཐའེ་ཝན་དང་འབྲེལ་བ་ཡོད་པའི་གྲོས་གཞི་ཟེར་བ་དེ་རྒྱལ་སྤྱིའི་སྒྲིག་སྲོལ་དང་འགལ་ཟླར་གྱུར་བ་དང་། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་ཁས་བླངས་པའི་ཀྲུང་གོ་གཅིག་གི་རྩ་དོན་དང་རྒྱབ་འགལ་བྱས་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང་2758དང་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་གྲོས་ཆོད་ཨང་25.1ལ་གཞིགས་ནས་ཐའེ་ཝན་ས་ཁུལ་དེ་ཉིད་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཚུད་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་བྱེད་སྒོ་གང་རུང་ཞིག་ལ་ཞུགས་རུང་ངེས་པར་དུ་ཀྲུང་གོ་གཅིག་གི་རྩ་དོན་ལྟར་ཐག་གཅོད་བྱེད་དགོས། སྐབས་འདིའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་མ་འཚོག་གོང་རྒྱལ་ཁབ་140ཙམ་གྱིས་ཀྲུང་གོ་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་དང་ཐའེ་ཝན་འདི་ཉིད་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་རྒྱུར་ངོ་རྒོལ་བྱ་རྒྱུའི་ལངས་ཕྱོགས་གསལ་སྟོན་བྱས་ཡོད། རྒྱལ་ཁབ་བརྒྱ་ཙམ་གྱིས་དེའི་ཐད་ཆེད་མངགས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱར་འཕྲིན་ཡིག་སྐུར་བ་དང་ཡང་ན་ཡོངས་ཁྱབ་ཐོག་གསལ་བསྒྲགས་སྤེལ་བ་དེའི་ཐོག་ནས་ལངས་ཕྱོགས་དེར་གསལ་བཤད་ནན་པོ་བྱས་ཡོད་པ་རེད།

ཨ་རི་ཕྱོགས་ཀྱིས་ད་དུང་དེ་སྔ་ཐའེ་ཝན་ས་ཁུལ་དེ་ཉིད་གདན་ཞུས་ལྟར་ལྟ་ཞིབ་པའི་མིང་ཐོག་ནས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་མྱོང་བར་ཁ་གཡར་བ་དེ་ནི་ཤེས་བཞིན་དུ་མི་ཤེས་པའི་ཁུལ་བྱས་པ་ཞིག་རེད། སྤྱི་ལོ་2009ལོ་ནས་སྤྱི་ལོ་2016ལོའི་བར་ཐའེ་ཝན་ས་ཁུལ་གྱིས་ཀྲུང་ཧྭ་ཐའེ་པེ་མིང་ཐོག་དང་ལྟ་ཞིབ་པའི་ཐོབ་ཐང་ཐོག་ནས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་པ་དེ་ནི་མཚོ་འགག་གཡས་གཡོན་གཉིས་པོས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པའི་གོ་གཉིས་ལོའི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག་གྲོས་མོལ་བྱས་པ་བརྒྱུད་དམིགས་བསལ་བཀོད་སྒྲིག་བྱས་པ་ཞིག་རེད། འོན་ཀྱང་སྤྱི་ལོ་2016ལོར་ཐའེ་ཝན་དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གིས་སྲིད་དབང་བཟུང་ཚུན། གོ་གཉིས་ལོའི་ཐུན་མོང་ངོས་འཛིན་ཁས་ལེན་མི་བྱེད་པ་དང་“ཐའེ་ཝན་རང་བཙན”ཟེར་བ་མཁྲེགས་བཟུང་བྱས་པའི་དབང་གིས་ཐའེ་ཝན་ས་ཁུལ་འདི་ཉིད་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་པའི་ཆབ་སྲིད་ཀྱི་རྨང་གཞི་མེད་པར་གྱུར་བ་རེད། དེ་ཡང་གསལ་པོར་བཤད་ན། ཐའེ་ཝན་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་རང་ཉིད་ལ་ཐོབ་དཀའ་བའི་ཐོབ་ཐང་དེ་མེད་པར་བཟོས་པ་ཞིག་རེད།

ཐའེ་ཝན་དང་འབྲེལ་བ་ཡོད་པའི་གྲོས་གཞི་མུ་མཐུད་འུད་སྒྲོག་བྱས་ནས་ཐའེ་ཝན་ཚོགས་འདུར་ཞུགས་སུ་མི་འཇུག་པ་དང་རྒྱལ་སྤྱིའི་རིམས་འགོག་མ་ལག་ལ་མི་འདང་ས་ཡོད་ཅེས་འུར་སྒྲོག་བྱས་པ་དེ་དག་ནི་དེ་བས་ཀྱང་ཁུངས་ལུང་མེད་པའི་གཏམ་འཆལ་ཤ་སྟག་རེད། ཏོག་གསར་རིམས་ནད་ཐོན་ཚུན། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ཐའེ་ཝན་ས་ཁུལ་དུ་རིམས་ནད་གནས་ཚུལ་ཐེངས་500ལས་བརྒལ་བ་བརྡ་ཁྱབ་བཏང་བ་དང་འདས་ཟིན་པའི་ལོ་གཅིག་ནང་ཐའེ་ཝན་ས་ཁུལ་གྱི་འཕྲོད་བསྟེན་རིགས་གཅིག་མཁས་ཅན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལག་རྩལ་བྱེད་སྒོ་ཁག་24དང་མི་ཐེངས་26ཞུགས་རྒྱུའི་ཆོག་མཆན་སྤྲད་པ་རེད། དེ་དང་ཆབས་ཅིག་ཐའེ་ཝན་ས་ཁུལ་དུ《རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག》ཅེས་པའི་འབྲེལ་གཏུག་ས་ཚིགས་བཙུགས་ནས་ཐོལ་བྱུང་གི་འཕྲོད་བསྟེན་དོན་རྐྱེན་བྱུང་ཚེ། ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་དང་བརྡ་ཁྱབ་གཏོང་ཐུབ་ཀྱི་ཡོད། རྒྱལ་སྤྱིའི་རིམས་འགོག་མ་ལག་ལ་མི་འདང་ས་ཞེས་པ་དེ་གང་ཡིན་ཞེས་སྐད་ཆ་འདྲི་རྒྱུ་ཡིན།

ལོ་ལྟར་ཨ་རིས་ཐའེ་ཝན་ཚོགས་འདུར་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་ཅེས་པའི་འཁྲབ་སྟོན་ལ་ཕམ་ཉེས་ཡང་ཡང་བྱུང་མོད། འོན་ཀྱང་ཨ་རིས་སུན་སྣང་མེད་པར་ཡང་ནས་བསྐྱར་དུ་འཁྲབ་སྟོན་དེ་ལྟར་བྱེད་དོན་གང་ཡིན་ནམ། དབྱེ་ཞིབ་བྱས་པ་ལྟར་ན། དེ་ནི་ཨ་རིས་ཐའེ་ཝན་ལ་བརྟེན་ནས་ཀྲུང་གོར་བཀག་བསྡོམས་བྱེད་པའི་སྤྱོད་ངན་གཡོལ་ཐབས་ཤིག་དང་འཁྲབ་སྟོན་བྱེད་སྟངས་ཤིག་ཡིན་ཏེ། ཐའེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུར་ཁ་གཡར་ནས་རྒྱལ་སྤྱིའི་བར་མཐོངས་ཟེར་བ་རྒྱ་ཆེར་བཏང་ཐོག ཐའེ་ཝན་གྱི་གནད་དོན་དེ་རྒྱལ་སྤྱི་ཅན་དུ་འགྱུར་བ་དང་དེ་བཞིན་རྒྱལ་སྤྱིའི་ཐོག་ཀྲུང་གོ་དང་ཐའེ་ཝན་ཐ་དད་དུ་གཏོང་བའི་ངན་ཇུས་ཤིག་བཟོས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ལ་འགྲན་སློང་བྱེད་པ་དེ་ཡིན། གཞན་ཡང་དེ་ནི་གཏན་འཇགས་ཀྱི་ཉོ་ཚོང་ལྟ་བུ་ཞིག་ཀྱང་རེད། ཐའེ་ཝན་ས་ཁུལ་གྱིས་ལོ་ལྟར་ཨ་རིའི་སྲིད་ཚོང་པར་དངུལ་ལོར་གྱི་“འབུལ་རྟེན”འབོར་ཆེན་སྤྲད་དེ། རང་ཉིད་ཀྱི་བསམ་ངན་འགྲུབ་ཐབས་བྱེད་བཞིན་ཡོད། དེར་བརྟེན་ལོ་ལྟར་དུས་མཚམས་འདིར་སླེབས་དུས། ཐའེ་ཝན་ཚོགས་འདུར་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དེ་ཨ་རི་བ་ཁ་ཤས་ཀྱི་གཞུང་དོན་ཞིག་ཏུ་གྱུར་ཡོད་ཅིང་། མཇུག་འབྲས་ཅི་འདྲ་འབྱུང་མིན་ཐད་ཨ་རིས་དོ་ཁུར་ངོ་མ་བྱེད་ཀྱི་མེད། གང་ལྟར་ཀྱང་ཐའེ་ཝན་ནི་ཨ་རི་ཕྱོགས་ཀྱི་ཆབ་སྲིད་ཐད་ཀྱི་ལག་ཆ་ལྟ་བུ་ཞིག་མ་གཏོགས་གཞན་གང་ཞིག་ལའང་བརྩི་གི་མེད།
འོན་ཀྱང་དཀའ་ལས་ཇི་ཙམ་བརྒྱབ་ཀྱང་ཨ་རི་ཕྱོགས་ཀྱིས་ཐའེ་ཝན་ཚོགས་འདུར་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་འཁྲབ་སྟོན་དེ་ཕམ་ཁའི་མཇུག་འབྲས་ལས་གཡོལ་དཀའ་བ་ཞིག་རེད། ཐའེ་ཝན་གྱི་མང་ཚོགས་ཁྲི་2300ལ་མཚོན་ན། སྟོབས་ལྡན་མེས་རྒྱལ་འདི་ཉིད་རྒྱབ་རྟེན་བྱས་ཚེ། འཕེལ་རྒྱས་ཀྱི་བར་མཐོང་གཞི་ནས་རྒྱ་ཆེ་རུ་འགྲོ་སྲིད་པ་དང་རྒྱལ་སྤྱིའི་ཐོག་གཞི་ནས་རྩ་བ་བརྟན་པོ་ཚུགས་པ་དང་གདིང་ཤུགས་དེ་བས་ཆེ་རུ་འགྲོ་སྲིད། ཨ་རི་ཕྱོགས་ཀྱིས་ཐའེ་ཝན་ཚོགས་འདུར་ཞུགས་ཞེས་པའི་འཁྲབ་སྟོན་འདི་འཁྲབ་མཚམས་འཇོག་རྒྱུ་དེ་ལས་ཡག་པ་གང་ཡང་མེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཨ་རིས་ཐའེ་ཝན་ཚོགས་འདུར་ཞུགས་པར་རྒྱབ་སྐྱོར་བྱེད་པའི་འཁྲབ་སྟོན་དེ་ལོ་ལྟར་ཕམ་ཁའི་མཇུག་འབྲས་ལས་གཡོལ་བར་དཀའ་བའི་རྒྱུ་མཚན་ཅི་ཡིན་ནམ།

བསམ་ཡུལ་ལས་མ་འདས་པ་ཞིག་ནི། ཉེ་ཆར་སྐབས་76པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་རྒྱལ་ཁབ་རེ་འགས་ཐའེ་ཝན་དེ་ཉིད་ལྟ་ཞིབ་པའི་མིང་ཐོག་ནས་ཚོགས་འདུར་ཞུགས་རྒྱུར་གདན་ཞུ་བྱེད་པའི་གྲོས་གཞི་དེ་གྲོས་རིམ་ནང་འཇུག་རྒྱུར་ཁས་བླ