ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུས་ཡུག་རེན་གྱི་གཏོར་བཤིག་གཏོང་མཁན་ཕྱིར་ཟློག་ཡོད་ཅེས་བཤད་པ་དང་། ཡུག་རེན་གྱིས་ཨུ་རུ་སུས་ཉིང་རྡུལ་རྫས་མདེལ་གནས་སྤོ་བྱེད་བཞིན་འདུག་ཅེས་བཤད་པ།

2023-05-24 17:00:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་རྒྱལ་སྲུང་པུའི་མགྲིན་ཚབ་པས་སྤྱི་ཚེས་23ཉིན་བརྡ་ཁྱབ་སྤེལ་ནས། ཨུ་རུ་སུའི་དམག་གིས་སྤྱི་ཚེས་22ཉིན་ཨུ་རུ་སུའི་པེར་ཀེ་ལུའོ་ཏེ་མངའ་སྡེར་སིམ་འཛུལ་བྱས་པའི་ཡུག་རེན་གྱི་དྲག་ཆས་མི་སྣར་རྡུང་རྡེག་བཏང་བ་དང་། མི་70ལྷག་ཙམ་བསད་པ་དང་། ཁྲབ་འཁོར་4དང་ལྗིད་ཐེག་རླངས་འཁོར་5རྩ་གཏོར་བཏང་ཡོད།

དྲག་ཆས་མི་སྣ་ལྷག་མ་ཡུག་རེན་གྱི་མངའ་ཁོངས་སུ་ཕྱིར་སློག་བྱས་ཡོད་པ་དང་། ཨུ་རུ་སུའི་དམག་དཔུང་གིས་མུ་མཐུད་དེ་གང་དེར་རྡུང་རྡེག་གཏོང་བཞིན་ཡོད་ཅེས་བཤད་པ་རེད། པེར་ཀེ་ལུའོ་ཏེ་མངའ་སྡེའི་འགོ་འཛིན་གྱིས་སྤྱི་ཚེས་23ཉིན་བརྡ་ཁྱབ་བཏང་ནས། འདས་ཟིན་པའི་ཉིན་གཅིག་ནང་ཡུག་རེན་ཕྱོགས་ཀྱིས་མངའ་སྡེ་དེའི་ཡུལ་མི་སྡོད་སའི་ས་ཚིགས་20ཙམ་ལ་ཚུར་རྒོལ་བྱས་ནས་མི་1རྐྱེན་ལམ་དུ་ཤོར་བ་དང་མི་13ལ་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད་ཡོད་པ་རེད།

སྤྱི་ཚེས་23ཉིན་ཡུག་རེན་དམག་ཕྱོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་འཇབ་རྒོལ་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཨུ་རུ་སུ་ཕྱོགས་ཀྱིས་པེར་ཀོ་ལུའོ་ཏེ་མངའ་སྡེའི་ནང་ཁུལ་གྱི་ཉིང་རྡུལ་རྫས་མདེལ་གསོག་འཇོག་སྒྲིག་བཀོད་ཛ་དྲག་ངང་གནས་སྤོ་བྱེད་བཞིན་ཡོད་ཅེས་བཤད་པ་རེད། དེའི་གོང་གི་ཉིན་མོར་ཡུག་རེན་ཕྱོགས་ཀྱིས་སྤྱི་ཚེས་22ཉིན་པེར་ཀེ་ལུའོ་ཏེ་མངའ་སྡེར་དམིགས་པའི་འཇབ་རྒོལ་དེ་དང་འབྲེལ་བ་ཡོད་པ་ཁས་ལེན་བྱས་མེད་པ་རེད།

གཞན་ཡང་ཨུ་རུ་སུའི་པེར་ཀོ་ལུའོ་ཏེ་མངའ་སྡེའི་འགོ་འཛིན་གྱིས་སྤྱི་ཚེས་23ཉིན་མངའ་སྡེ་དེར་ཉིན་དེའི་ཐོ་རེངས་སུ་མི་མེད་གནམ་གྲུའི་འཇབ་རྒོལ་ཕོག་པ་དང་ཁང་པ་མང་པོ་ཞིག་ལ་གཏོར་སྐྱོན་ཕོག་མོད། འོན་ཀྱང་མི་སྣ་འཆི་རྨས་བྱུང་མེད་ཅེས་བཤད་པ་རེད། ཡིན་ནའང་མི་མེད་གནམ་གྲུ་དེ་ཡུག་རེན་གྱི་ཕྱོགས་ཀྱི་ཡིན་མིན་ཐད་ཁོང་ནས་གསལ་སྟོན་བྱས་མེད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཨུ་རུ་སུས་ཡུག་རེན་གྱི་གཏོར་བཤིག་གཏོང་མཁན་ཕྱིར་ཟློག་ཡོད་ཅེས་བཤད་པ་དང་། ཡུག་རེན་གྱིས་ཨུ་རུ་སུས་ཉིང་རྡུལ་རྫས་མདེལ་གནས་སྤོ་བྱེད་བཞིན་འདུག་ཅེས་བཤད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་རྒྱལ་སྲུང་པུའི་མགྲིན་ཚབ་པས་སྤྱི་ཚེས་23ཉིན་བརྡ་ཁྱབ་སྤེལ་ནས། ཨུ་རུ་སུའི་དམག་གིས་སྤྱི་ཚེས་22ཉིན་ཨུ་རུ་སུའི་པེར་ཀེ་ལུའོ་ཏེ་མངའ་སྡེར་སིམ་འཛུལ་བྱས་པའི་ཡུག་རེན་གྱི་