ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རི་ཉིད་དཔལ་འབྱོར་གྱི་འཇིགས་སྐུལ་པ་ངོ་མ་དེ་ཡིན།

2023-05-24 16:56:00     责编:桑吉卓玛

ཉིན་ཤས་གོང་སྐོང་འཚོགས་བྱས་པའི་རྒྱལ་ཁབ་བདུན་ཚོགས་པའི་ཀོང་ཏའོ་དབུ་ཚོགས་ཐོག ཨ་རིས་མནའ་གྲོགས་ལ་ངན་སྐུལ་བྱས་ཏེ་དཔལ་འབྱོར་བཙན་ཤེད་ལ་ངོ་རྒོལ་བྱེད་པའི་མིང་ཐོག་ནས་དཔལ་འབྱོར་བཙན་ཤེད་ཀྱི་བྱ་སྤྱོད་དངོས་ལག་བསྟར་བྱེད་པ་དང་། ཉེན་ཁ་སེལ་བ་ཞེས་པ་དེའི་མིང་ཐོག་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་ཉེན་ཆེ་རུ་གཏོང་བ་དང་།སྒེར་འཛིན་རང་བཞིན་གྱི་ཚོགས་པ་ཆུང་ཆུང་འཛུགས་པ། རྒྱལ་སྤྱིའི་ཐོན་སྐྱེད་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བར་དཀྲུག་རྐྱེན་སློང་བ་བཅས་བྱས་ཡོད་པ་རེད།རྒྱལ་སྤྱིའི་ལྟ་ཞིབ་མི་སྣས་ངོས་འཛིན་བྱས་དོན།ཨ་རིས་ཕྱོགས་གཅིག་པའི་བཀག་སྡོམ་དང་འབྲེལ་ཐག་གཅོད་པ་ཤུགས་ཆེན་སྤེལ་བས། ཨ་རི་ཉིད་ནི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཆབ་སྲིད་ཅན་དང་མཚོན་ཆ་ཅན་དུ་བསྒྱུར་བའི་འཇིགས་སྐུལ་པ་ངོ་མ་དེ་རེད།

ཐྲམ་ཕུ་སྲིད་གཞུང་ནས་འགོ་བརྩམས་ཏེ་བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་ཨ་རིར་སྤོ་རྒྱུ་དེ་ནི་ཨ་རིའི་ཉོ་ཚོང་དང་ཐོན་ལས་སྲིད་ཇུས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་གཞིགས་བྱེད་པའི་དོན་དག་ཅིག་རེད། པའེ་ཏེང་སྲིད་སྟེགས་སུ་འཛེགས་རྗེས་གོམ་གང་མདུན་སྤོས་ཀྱིས་བྱེད་ཐབས་འདི་ཁྱབ་སྤེལ་གཏོང་ཡོད། དེར་བརྟེན་ཨ་རིས་ཉོ་ཚོང་སྒྲིག་སྲོལ་དང་རྒྱལ་ཁབ་གཞན་དག་གི་ཁེ་ཕན་སྣང་མེད་དུ་བཞག་ནས་དངུལ་ལོར་འགྲེམས་ཐལ་ཤོར་ཚད་ཉུང་དུ་གཏོང་བའི་ཁྲིམས་གཞི་དང་ཉིང་ལྷེབ་དང་ཚན་རིག་གི་ཁྲིམས་གཞི་སོགས་བཏོན་ཏེ། དཔལ་འབྱོར་སྲིད་ཇུས་དེ་མཚོན་ཆར་བསྒྱུར་ནས་སྲུང་སྐྱོང་རིང་ལུགས་ཁྱབ་སྤེལ་བཏང་ཡོད།
ཨ་རིའི་པི་ཏེ་སེན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་འཛིན་ཡ་ཏང·པོ་སེན་གྱིས་སྐབས་འདི་གཉིས་ཀྱི་ཨ་རིའི་སྲིད་གཞུང་གིས་རྒྱལ་ཁབ་གཞན་པའི་ཁེ་ཕན་སྣང་མེད་དུ་བཏང་བ་དང་།རྒྱལ་སྤྱི་ཉོ་ཚོང་དང་མ་འཇོག་ལ་རྡུང་རྡེག་བཏང་བ་དེས་ཨ་རིའི་དཔལ་འབྱོར་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་བཟོ་སྲིད། དོན་དངོས་སུ་མ་ལག་འདིའི་སྒྲིག་སྲོལ་དེ་སྔོན་ཆད་ཨ་རིས་གཏན་འབེབས་བྱས་པ་མ་ཟད་ཨ་རིའི་ཁེ་ཕན་ལ་ཞབས་འདེགས་ཀྱང་ཞུས་པ་རེད།པའེ་ཏེང་སྲིད་གཞུང་གིས་ཏང་ཕྱོགས་གཉིས་ནས་ཡོང་བའི་རྒྱལ་ཚོགས་ཀྱི་གྲོས་མི་དང་མཉམ་དུ་ཐོག་མཐའ་བར་གསུམ་དུ་འགྲིག་ཐབས་མེད་པའི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་གཞན་དག་ནས་བཟོ་སྐྲུན་ལས་རིགས་འཕྲོག་ཐབས་བྱེད་ཀྱི་ཡོད་ཅེས་སྐྱོན་བརྗོད་བྱས་ཡོད།

འཇར་མན་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་འཛིན་མ་སའེ་ཨེར·ཧྥུ་ལ་ཚི་ཧྲེར་གྱིས། དངུལ་ལོར་འགྲེམས་ཐལ་ཤོར་ཚད་ཉུང་དུ་གཏོང་བའི་ཁྲིམས་གཞི་ལས་ཚད་མཐོའི་སྲུང་སྐྱོབ་རིང་ལུགས་མངོན་ཞིང་དེས་ཕྱི་རྒྱལ་གྱི་ཀུང་སི་དག་ཧ་ཅང་ཉམས་ཞན་གྱི་གནས་སུ་གྱར་ཡོད། འཇར་མན་ཚུད་པའི་ཡོ་རོབ་རྒྱལ་ཁབ་མང་པོ་ཞིག་གིས་ཨ་རིས་བཏོན་པའི་ཁྲིམས་གཞི་དེར་ཧ་ཅང་ཡི་མི་རངས་བ་དང་།དེས་ཡོ་རོབ་ཀུང་སིའི་འགྲན་རྩོད་ནུས་ཤུགས་ལ་གནོད་འཚེ་བཏང་བ་མ་ཟད།གསར་གཏོད་ལག་རྩལ་ཨ་རིར་སྤོ་སྒྱུར་བྱེད་དགོས་ཐུག་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བསྟན་འདུག
བཀག་སྡོམ་ལག་བསྟར་བྱ་རྒྱུ་ནི་ཨ་རིའི་ཆེས་ཐད་ཀའི་འཇིགས་སྐུལ་བྱེད་ཐབས་ཤིག་ཡིན།བསྡོམས་རྩིས་བྱས་པ་ལྟར་ན།ཨ་རིའི་སྐབས་གོང་མའི་སྲིད་གཞུང་གིས་རིམ་རྩིས་བྱས་ན་བཀག་སྡོམ་བྱེད་ཐབས་3900ལག་བསྟར་བྱས་པ་དང་། ཆ་སྙོམས་ཉིན་རེར་བཀག་སྡོམ་ཐེངས་3བྱེད་ཀྱི་ཡོད་པ་རེད། 2021གི་ནོར་དཔལ་ལོའི་བར་ཨ་རིས་དངོས་ཚན་དཔལ་འབྱོར་དང་མི་སྒེར་ལ་བཀག་སྡོམ་བྱེད་ཚད་9421ཟིན་པ་དང་ནོར་དཔལ་ལོ་2000ལས་933%འཕར་ཡོད་པ་རེད།

བྷེ་ཨུ་རུ་སུའི་འཐབ་ཇུས་ཞིབ་འཇུག་ཁང་གི་དབྱེ་ཞིབ་པ་ཨ་ཧྥུ་ཏུའོ་ཉིང་གིས་ཨ་རིས་བཀག་སྡོམ་དང་སྐྱེལ་འདྲེན་བཀག་སྡོམ། དེ་བཞིན་ཚོད་འཛིན་བྱེད་ཐབས་གཞན་དག་ལག་བསྟར་བྱས་པ་བརྒྱུད་རྒྱལ་སྤྱིའི་ཉོ་ཚོང་མ་ལག་ལ་གཏོར་བཤིག་བཏང་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་འགྲན་ཡ་རྩ་གཏོར་གཏོང་བ་དང་།ས་ཁོངས་གཞན་དག་གི་དཔལ་འབྱོར་འཕར་ཚད་དལ་དུ་གཏོང་བ།ཕྱོགས་གཞན་དག་གི་ཁེ་ཕན་བློས་གཏོང་བྱས་ནས་རང་ཉིད་ཀྱི་ཁེ་ཕན་མངོན་འགྱུར་ཡོང་བའི་ཆེད་དུ་ཡིན་ཞེས་བསྟན་ཡོད།

ཁུ་པའི་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་ཀྱི་རིག་གནས་པ་ལུའུ་དབྱི་སི·ཧྥེར་ནན་ཏེ་སིས་ཨ་རིས་ཚོང་དོན་ཉེན་རྟོག་རྒྱལ་ཁབ་ཡིན་མདོག་བྱས་ནས་ཚོང་དོན་ཇག་རྐུན་གྱི་བྱ་སྤྱོད་དངོས་སྤེལ་བ་དང་། དཔལ་འབྱོར་སྲིད་ཇུས་དེ་ས་ཁམས་འཐབ་ཇུས་ཀྱི་མཚོན་ཆར་བརྩིས་པ་དང་དེའི་དམིགས་ཡུལ་ངོ་མ་ནི་ཨ་རི་རྒྱལ་བ་དང་རྒྱལ་ཁབ་གཞན་དག་ཕམ་པ་བྱ་རྒྱུ་དེ་ཡིན་ཞེས་བཤད་ཡོད།

ཨ་རི་ཐ་ཧྥུ་ཚི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏན་ཉིར·ཏེ་ལེ་ཚི་ན་ཡིས་ཕྱི་འབྲེལ་ལས་དོན་ཞེས་པའི་དུས་དེབ་ཐོག་རྩོམ་ཡིག་སྤེལ་ནས། སྐབས་རིམ་བྱུང་གི་ཨ་རི་སྲིད་གཞུང་ནས་དཔལ་འབྱོར་འཇིགས་སྐུལ་དང་དཔལ་འབྱོར་བཙན་ཤེད་གང་བྱུང་དུ་སྤྱད་དེ། བཀག་སྡོམ་བྱ་རྒྱུ་དེ་ཕྱི་འབྲེལ་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་ཡག་ཤོས་སུ་བརྩིས་པ་དེར་ཕན་འབྲས་གང་ཡང་ཐོན་མེད་པ་མ་ཟད་ད་དུང་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བཟོས་ཡོད་ཅེས་བསྟན་འདུག

རང་ཉིད་ཀྱི་བཙན་དབང་སྲུང་སྐྱོང་དང་སྒེར་ཕན་དོན་གཉེར་བྱེད་ཆེད་ཨ་རིས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བའི་མིང་ཐོག་ནས། ངན་པ་ཁྱུ་སྒྲིག་གིས་དཔུང་ཁག་བར་འགྲན་རྒོལ་བྱས་ཏེ་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་དང་ཕྱོགས་མང་མཉམ་ལས་བྱེད་པར་འགྲན་སློང་ཚབས་ཆེན་བཟོས་ཡོད།
འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་རྩོད་གཞི་ཁྲུན་གཅོད་ཞིབ་འཇུག་སྙན་ཞུའི་ནང་། དུས་ད་ལྟའི་བར་དུ་ཨ་རི་ནི་སྒྲིག་ལམ་མི་སྲུང་མཁན་ངན་ཤོས་དེ་ཡིན་པ་དང་།འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་འགལ་ཁྲོད་གསུམ་ཆ་གཉིས་ནི་ཨ་རིས་བཟོས་པ་ཡིན་ཞེས་བསྟན་ཡོད། 2019ལོའི་ཟླ་12པར་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་ཁྲོད་ཀྱི་གོང་གཏུག་སྒྲིག་གཞི་དེ་ཨ་རིས་ཁྲིམས་དཔོན་གདམ་ཐོན་བྱ་རྒྱུར་བཀག་འགོག་བྱས་པའི་རྐྱེན་གྱིས་ལས་མཚམས་བཞག་པ་དང་། དེས་ཕྱོགས་མང་ཚོང་དོན་འདུམ་གཅོད་སྒྲིག་གཞི་ནུས་པ་ཤོར་དུ་བཅུག་པ་དང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྔར་བྱུང་མྱོང་མེད་པའི་ཉམས་ཉེན་བཟོས་ཡོད། དེ་ཙམ་གྱིས་མ་ཚད་པར་ཨ་རིས་ད་དུང་ཧིན་རྡུ་རྒྱ་མཚོ་ཆེན་མོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྒྲོམ་གཞི་ཞེས་པ་ལག་བསྟར་བྱེད་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་།མཛའ་གྲོགས་རྒྱལ་ཁབ་ལ་འགན་གཙང་སྤྲོད་པ་ཞེས་པའི་ཐ་སྙད་བཏོན་ཏེ།རིན་ཐང་ལྟ་བས་དབྱེ་མཚམས་འབྱེད་ཐབས་བྱས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉོ་ཚོང་མ་ལག་ལ་གཏོར་བཤིག་བཏང་ཡོད།

ཨ་ཀེན་ཐིན་རིག་མཛོད་སྒྲིག་གཞིའི་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཅ་ཧྥུ་ལེར་·པར་པོ་ཡིས་ཨ་རི་ནི་དེའི་གོ་ལ་ཧྲིལ་པོའི་བཙན་དབང་གོ་གནས་ལ་བརྟེན་ནས་ཁེ་ཕན་ཧམ་ལེན་བྱ་རྒྱུར་གོམས་པ་དང་། ད་ཡོད་ཀྱི་གོ་ལ་ཧྲིལ་པོའི་ཉོ་ཚོང་སྒྲིག་སྲོལ་དེས་རང་ཉིད་ལ་ཕན་པ་མེད་དུས་ཨ་རིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཉོ་ཚོང་སྒྲིག་སྲོལ་དེས་རང་ཉིད་ལ་ཕན་པ་བསྐྲུན་ཐབས་བྱས་ཏེ། འགྱུར་བ་དེ་དག་གིས་རྒྱལ་ཁབ་གཞན་དག་གི་ཁེ་ཕན་ལ་ཤུགས་རྐྱེན་གང་དག་ཐེབས་མིན་ཐད་བསམ་བློ་གཏན་ནས་གཏོང་མི་སྲིད་པའི་ངོས་འཛིན་བྱས་ཡོད།

ཨེ་ཅིབ་མ་འཇོག་མཁན་མཐུན་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དཔལ་འབྱོར་བློ་འདྲི་ཡུལ་མུའུ་ཐ་ཞི་མུའུ·ལ་ཞི་ཏེས་ཨ་རིའི་འདོད་ཚུལ་དེ་རྒྱལ་ཁབ་བཙུགས་པ་ནས་བཟུང་འགྱུར་ལྡོག་བྱུང་མྱོང་མེད་པ་དང་། ཨ་རིས་ཁྱབ་གདལ་བཏང་བའི་དཔལ་འབྱོར་དང་ཉོ་ཚོང་སྲིད་ཇུས་ཕན་ཚུན་འགལ་ཟླར་གྱུར་ཡོད།དེས་རང་དབང་གི་གོ་ལ་ཧྲིལ་པོའི་ཁྲོམ་ར་ཞིག་འཛུགས་པར་འབོད་སྐུལ་བྱས་མོད།འོན་ཀྱང་དེར་ཚོད་འཛིན་བྱེད་པ་མ་ཟད་སྒེར་སྡོམ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཨ་རི་ཉིད་དཔལ་འབྱོར་གྱི་འཇིགས་སྐུལ་པ་ངོ་མ་དེ་ཡིན།

ཉིན་ཤས་གོང་སྐོང་འཚོགས་བྱས་པའི་རྒྱལ་ཁབ་བདུན་ཚོགས་པའི་ཀོང་ཏའོ་དབུ་ཚོགས་ཐོག ཨ་རིས་མནའ་གྲོགས་ལ་ངན་སྐུལ་བྱས་ཏེ་དཔལ་འབྱོར་བཙན་ཤེད་ལ་ངོ་རྒོལ་བྱེད་པའི་མིང་ཐོ