ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཡོ་རོབ་མན་འབྲེལ་ཕྱི་འབྲེལ་དཔོན་གྱི་གྲོས་ཚོགས་དེ་པི་ཀྲེམ་གྱི་རྒྱལ་ས་པུའུ་ལུའུ་སེར་དུ་སྐོང་འཚོགས་བྱས་པ།

2023-05-23 15:19:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་22ཉིན། ཡོ་རོབ་མནའ་འབྲེལ་ཕྱི་འབྲེལ་དཔོན་གྱི་གྲོས་ཚོགས་དེ་པི་ཀྲེམ་གྱི་རྒྱལ་ས་པུའུ་ལུའུ་སེར་དུ་སྐོང་འཚོགས་བྱས་པ་དང་། རྒྱལ་ཁབ་ཁག་གི་ཕྱི་འབྲེལ་དཔོན་གྱི་མུ་མཐུད་དེ་ཨུ་རུ་སུར་བཀག་སྡོམ་བྱེད་པའི་རེས་སྐོར་11གི་ཇུས་གཞིར་གྲོས་བསྡུར་བྱས་མོད། འོན་ཀྱང་ལང་ཕྱོགས་གཅིག་གྱུར་བྱུང་མེད་པ་རེད། གྲོས་ཚོགས་ལ་ཞུགས་པའི་ཧང་ག་རིའི་ཕྱི་འབྲེལ་དཔོན་ཤིས་ཡར་ཏུའོ་ཡིས། བཀག་སྡོམ་བྱས་པ་དེས་ཡོ་རོབ་ལ་བཟོས་པའི་གནོད་འཚེ་དེ་ཨུ་རུ་སུར་བཟོས་པའི་གནོད་འཚེ་ལས་ཆེ་བ་ཡོད་པ་དང་། རེས་སྐོར་གསར་པའི་བཀག་སྡོམ་དེས་ཐ་ན་གནད་དོན་དེ་བས་ཆེ་བ་ཐོན་སྲིད་དེ། དཔེར་ན་ཡོ་རོབ་ཁེ་ལས་ཀྱི་ཕྱིར་གཏོང་ནུས་པ་ཆུང་དུ་ཕྱིན་ནས་དེའི་འགྲན་རྩོད་ནུས་པར་གྱོང་གུན་བཟོ་སྲིད་ཅེས་བརྗོད་པ་རེད།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཡོ་རོབ་མན་འབྲེལ་ཕྱི་འབྲེལ་དཔོན་གྱི་གྲོས་ཚོགས་དེ་པི་ཀྲེམ་གྱི་རྒྱལ་ས་པུའུ་ལུའུ་སེར་དུ་སྐོང་འཚོགས་བྱས་པ།

རེས་སྐོར་གསར་པའི་བཀག་སྡོམ་དེས་ཐ་ན་གནད་དོན་དེ་བས་ཆེ་བ་ཐོན་སྲིད་དེ། དཔེར་ན་ཡོ་རོབ་ཁེ་ལས་ཀྱི་ཕྱིར་གཏོང་ནུས་པ་ཆུང་དུ་ཕྱིན་ནས་དེའི་འགྲན་རྩོད་ནུས་པར་གྱོང་གུན་བཟོ་སྲིད་ཅེས་བརྗོད་པ་རེད།