འཛམ་གླིང་ཐོག་གི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཟིན་པའི་གཞུང་ལམ་དང་ལྕགས་ལམ་མཉམ་འདྲེས་རྣམ་པའི་ལྡིང་ཟམ་་གྱི་ཨར་འདམ་བླུག་ཟིན་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་ཐོག་གི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཟིན་པའི་གཞུང་ལམ་དང་ལྕགས་ལམ་མཉམ་འདྲེས་རྣམ་པའི་ལྡིང་ཟམ་སྟེ། ཁྲང་ཅེའུ་མྱུར་བགྲོད་ལྕགས་ལམ་ཡང་ཙེ་ཀྲོའུ་ཀན་ཅང་ཟམ་ཆེན་གྱི་ཟམ་སྟེགས་ཆེ་ཤོས་ཚེས་2ཉིན་ཨར་འདམ་བླུག་ཟིན་པ་རེད། ཟམ་ཆེན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་19ཟིན་པ་དང་། གསར་དུ་འཛུགས་སྐྲུན་བྱས་པའི་ཅིན་ཀང་མྱུར་བགྲོད་ལྕགས་ལམ་ཅེའུ་ཅང་ནས་ནན་ཁྲང་དུམ་བུའི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡིན་པ་རེད།