ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ཨུ་རུ་སུའི་ཐབས་ཇུས་རོགས་ལས་དེ་ཉིད་འཛམ་གླིང་ལ་མཚོན་ན་གལ་འགངས་ཤིན་ཏུ་ཆེ།

2023-03-25 11:24:00     责编:桑吉卓玛

ཀྲུང་གོ་དང་ཨུ་རུ་སུའི་གཙོ་བདག་ནས་མཉམ་འབྲེལ་གསལ་བསྒྲགས་གཉིས་ལ་ཐུན་མོང་ཐོག་མིང་རྟགས་བཀོད་ནས་དུས་མཚམས་རྗེས་མའི་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཆར་འགོད་དང་བཀོད་སྒྲིག་བྱས་ཤིང་། ཕྱོགས་གཉིས་པོས་ཞིང་ལས་དང་ནགས་ལས། རྨང་གཞིའི་ཚན་ཞིབ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པ་སོགས་བྱས་ཡོད། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་22ཉིན་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ཡོད། འཚམས་འདྲིར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་ལས་དེ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མཛའ་གྲོགས་ཀྱི་འགྲུལ་བཞུད་ཅིག་དང་མཉམ་ལས་ཀྱི་འགྲུལ་བཞུད་ཅིག ཞི་བདེའི་འགྲུལ་བཞུད་ཅིག་བཅས་ཡིན་པ་ར་སྤྲོད་ཐུབ་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་ལས། ཀྲུང་གོས་སྔར་ནས་བཟུང་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་ནི་ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་རྩ་བའི་ཁེ་ཕན་དང་འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་གཞིར་བཟུང་བའི་འཐབ་ཇུས་ཀྱི་གདམ་ག་བྱས་པ་ཞིག་ཡིན་པས་དུས་སྐབས་གཅིག་དང་བྱ་བ་གཅིག་དབང་གིས་འགྱུར་ལྡོག་འགྲོ་མི་སྲིད། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཐུན་མོང་ཐོག་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ངན་ཇུས་ལ་བཀག་འགོག་བྱ་རྒྱུ་བསྐྱར་བསྒྲགས་གནང་བ་རེད། ཨུ་རུ་སུའི་ཕྱོགས་ནས་རྣམ་པ་འདྲ་མིན་གྱི་ཐའེ་ཝན་རང་བཙན་ཟེར་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་བྱ་ཐབས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། འདི་ལས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་བརྟན་ལ་བློ་བརྟན་འགྱུར་མེད་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད།
དངོས་གཉེར་མཉམ་ལས་ནི་ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་གཙོ་གནད་ཁྱབ་ཁོངས་ཤིག་རེད། ཐེངས་འདིའི་འཚམས་འདྲི་བྱེད་རིང་ཕྱོགས་གཉིས་པོས《2030ལོའི་གོང་ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་མཉམ་ལས་ཀྱི་གཙོ་གནད་ཁ་ཕྱོགས་འཕེལ་རྒྱས་འཆར་འགོད་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་ནས་གཙོ་གནད་ཁ་ཕྱོགས་8ལ་དཔལ་འབྱོར་མཉམ་ལས་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ནོར་སྲིད་དངུལ་རྩའི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་གཞོན་པ་མེའར་ཙུའོ་དབྱང་གིས། མ་འོངས་པར་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་མུ་མཐུད་རྒྱ་ཆེར་གཏོང་རྒྱུ་དང་མཉམ་ལས་རྣམ་གྲངས་དེ་བས་མང་བ་དོན་འཁྱོལ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།

མིག་སྔར་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འཕེལ་བ་དང་རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་འཇམ་འཐབ་ཀྱི་བསམ་བློ་བཅངས་ནས་ཚོགས་པའི་ཆབ་སྲིད་དང་དཔུང་ཁག་གི་འགྲན་རྒོལ་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་འཇིགས་སྣང་སྐུལ་བཞིན་ཡོད།

རྒྱལ་སྤྱིའི་དུས་བབ་ཇི་ཙམ་རྙོག་འཛིང་ཆེ་ན་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་དགོས་ངེས་རང་བཞིན་དེ་ཙམ་གྱིས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཐེངས་འདིའི་འཚམས་འདྲིའི་རིང་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དང་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་རྒྱལ་སྤྱིའི་ཕྱོགས་མང་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་དགོས་པ་དང་། འཛམ་གླིང་གི་འབྲུ་རིགས་བདེ་འཇགས་དང་ནུས་རྒྱུའི་བདེ་འཇགས། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་བཅས་ལ་སྲུང་སྐྱོང་བྱེད་པའི་ཐད་ལེགས་སྐྱེས་དེ་བས་མང་བ་ཕུལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། ཨུ་རུ་སུ་ཕྱོགས་ནས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་འཛམ་གླིང་བདེ་འཇགས་གྲོས་འགོ་དང་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ འཛམ་གླིང་ཤེས་དཔལ་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་དབྱི་རན་གྱི་པེ་ཅིང་གླེང་མོལ་བྱས་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བར་རྟེན་འབྲེལ་ཞུས་ཡོད།

ཡུག་རེན་གྱི་གནད་དོན་ཐད་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་མཉམ་འབྲེལ་གསལ་བསྒྲགས་ནང་། འགན་འཁུར་བའི་གླེང་མོལ་ནི་གནད་དོན་བརྟན་པོའི་ངང་ཐག་གཅོད་བྱེད་པའི་ཐབས་ལམ་ཡག་ཤོས་ཡིན་ཞེས་བསྟན་པ་དང་། ཨུ་རུ་སུ་ཕྱོགས་ཀྱིས་ཞི་བའི་གྲོས་མོལ་གང་མགྱོགས་བྱ་རྒྱུར་འབད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ཕྱི་འབྲེལ་ཐབས་ལམ་བརྒྱུད་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་པར་དགའ་བསུ་ཞུ་བཞིན་ཡོད། 《ཆབ་སྲིད་ལ་བརྟེན་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》ཞེས་པའི་ཡིག་ཆའི་ནང་འཁོད་པའི་དགེ་མཚན་ལྡན་པའི་འདོད་ཚུལ་ལ་དགའ་བསུ་ཞུས་ཡོད། དེའི་ཐོག་ནས་ཀྲུང་གོའི་དོན་དངོས་དང་མཐུན་ཞིང་དྲང་གཞག་ཡིན་པ། བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ལངས་ཕྱོགས་ལ་ཡིད་ཆེས་རྒྱ་ཁྱབ་ཐོབ་པ་གསལ་བཤད་བྱས་ཡོད། ཀྲུང་གོའི་འགན་འཁྲི་དེ་འཛམ་གླིང་གིས་གསལ་པོར་མཐོང་ཡོད།

“ཨུ་རུ་སུར་དར་རྒྱས་བརྟན་ལྷིང་གི་ཀྲུང་གོ་དགོས་ལ་ཀྲུང་གོར་སྟོབས་ཆེ་ལ་གྲུབ་འབྲས་ཐོབ་པའི་ཨུ་རུ་སུ་དགོས” ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་དེ་བས་འཐུས་ཚང་དང་བརྟན་པོ་གྱུར་ཞིང་། དེའི་རྒྱབ་ཏུ་ལོ་རྒྱུས་ཀྱི་གཏན་ཚིགས་གསལ་པོ་དང་ནང་ངོས་ཀྱི་སྒུལ་ཤུགས་ཆེན་པོ་ལྡན་ཡོད། དཔྱིད་ཀ་འདིར་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་འགྲོ་རྒྱུ་རེད། ཟང་ཟིང་གི་འཛམ་གླིང་ཁྲོད་ཀྲུང་གོ་དང་ཨུ་རུ་སུས་ལག་གདང་སྦྲེལ་ན། འཛམ་གླིང་སྣ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྔར་ལས་ཆེ་བའི་སྒུལ་ཤུགས་བསྩོལ་བ་དང་འཛམ་གླིང་གི་བདེ་འཇགས་དང་འཕེལ་རྒྱས་ལ་འགན་སྲུང་སྔར་ལས་མང་པོ་ཐོབ་ཐུབ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ཀྲུང་གོ་དང་ཨུ་རུ་སུའི་ཐབས་ཇུས་རོགས་ལས་དེ་ཉིད་འཛམ་གླིང་ལ་མཚོན་ན་གལ་འགངས་ཤིན་ཏུ་ཆེ།

ཀྲུང་གོ་དང་ཨུ་རུ་སུའི་གཙོ་བདག་ནས་མཉམ་འབྲེལ་གསལ་བསྒྲགས་གཉིས་ལ་ཐུན་མོང་ཐོག་མིང་རྟགས་བཀོད་ནས་དུས་མཚམས་རྗེས་མའི་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཆར་འགོད་དང་བཀོད་སྒྲིག་བྱ