ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

སོ་ཏི་ཨ་རབ་སྨྱན་སྦྱོར་གྱིས། སོ་ཏ་ཨ་རབ་ཕྱོགས་ནས་སི་རི་ཡའི་མངའ་ཁོངས་ནང་གཞུང་ཚབ་དོན་གཅོད་ཁང་གི་ཞབས་ཞུ་སླར་གསོ་བྱེད་པའི་བྱ་དོན་ཐད་སི་རི་ཡ་དང་གྲོས་མོལ་བྱེད་བཞིན་ཡོད་ཅེས་བསྟན་པ།

2023-03-25 11:21:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་23ཉིན་གྱི་དགོང་མོ། སོ་ཏི་ཨ་རབ་སྨྱན་སྦྱོར་གྱིས་རྒྱལ་ཁབ་དེའི་ཕྱི་འབྲེལ་པུའི་ཆ་འཕྲིན་མི་སྣའི་སྐད་ཆ་ལུང་དུ་དྲངས་ནས་གནས་ཚུལ་སྤེལ་བའི་ནང་། སོ་ཏི་ཨ་རབ་ཕྱོགས་ནས་སི་རི་ཡའི་མངའ་ཁོངས་ནང་གཞུང་ཚབ་དོན་གཅོད་ཁང་གི་ཞབས་ཞུ་མཁོ་འདོན་སླར་གསོ་བྱ་རྒྱུའི་འབྲེལ་ཡོད་བྱ་དོན་ཐད་སི་རི་ཡའི་ཕྱི་འབྲེལ་པུའུ་དང་གྲོས་མོལ་བྱེད་བཞིན་ཡོད་ཅེས་བསྟན་ཡོད། ཉིན་དེ་གའི་དུས་ཚོད་སྔ་ཙམ་ལ། སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་ནས་སོ་ཏི་ཨ་རབ་དང་སི་རི་ཡ་རྒྱལ་ཁབ་གཉིས་པོས་བསྐྱར་དུ་རྒྱལ་ཁབ་གཉིས་པོའི་དབར་གཞུང་ཚབ་ཁང་འཛུགས་རྒྱུའི་ཐད་གྲོས་མཐུན་བྱུང་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

སོ་ཏི་ཨ་རབ་སྨྱན་སྦྱོར་གྱིས། སོ་ཏ་ཨ་རབ་ཕྱོགས་ནས་སི་རི་ཡའི་མངའ་ཁོངས་ནང་གཞུང་ཚབ་དོན་གཅོད་ཁང་གི་ཞབས་ཞུ་སླར་གསོ་བྱེད་པའི་བྱ་དོན་ཐད་སི་རི་ཡ་དང་གྲོས་མོལ་བྱེད་བཞིན་ཡོད་ཅེས་བསྟན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་23ཉིན་གྱི་དགོང་མོ། སོ་ཏི་ཨ་རབ་སྨྱན་སྦྱོར་གྱིས་རྒྱལ་ཁབ་དེའི་ཕྱི་འབྲེལ་པུའི་ཆ་འཕྲིན་མི་སྣའི་སྐད་ཆ་ལུང་དུ་དྲངས་ནས་གནས་ཚུལ་སྤེལ་བའི་ནང་།