ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྣེ་ཁྲིད་ནས། མིའི་རིགས་ཡར་རྒྱས་ཡོང་བའི་བྱ་གཞག་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ།

2023-03-25 10:49:00     责编:桑吉卓玛

ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྣེ་ཁྲིད་ནས། མིའི་རིགས་ཡར་རྒྱས་ཡོང་བའི་བྱ་གཞག་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཞེས་པ་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཚད་མཐོའི་གདེང་འཇོག་བྱས་པ།
སྤྱི་ཟླ་གསུམ་པའི་མོ་སི་ཁོ་ནི་ནམ་མཁའ་སྔོ་ཞིང་དྭངས་བ་དང་གོ་ལ་ཧྲིལ་པོའི་མིག་རྒྱང་གནས་འདིར་ཕྱོགས་ཡོད།

སྤྱི་ཚེས་20ཉིན་ནས་22ཉིན་བར། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུ་ལྟར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གཉིས་ནས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དང་ཐུན་མོང་ཐོག་དོ་འཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན་དང་གྲུབ་འབྲས་ཀྱིས་ཕྱུག་པའི་གྲོས་མོལ་གནང་ནས། ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་གང་མང་ལ་གྲོས་མཐུན་བཞག་གནང་ཡོད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེངས་འདིའི་འཚམས་འདྲིར་ཚད་མཐོའི་གདེང་འཇོག་བྱས་ཏེ། མཛའ་མཐུན་དང་མཉམ་ལས། ཞི་བདེ་བཅས་ཀྱི་འགྲུལ་བཞུད་འདིར་ལོ་རྒྱུས་རང་བཞིན་གྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ངོས་འཛིན་བྱས་ཡོད། རྒྱལ་ཁབ་མང་པོའི་མི་སྣས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུས་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་བསྟུད་མར་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་སྐྲུན་རྒྱུ་རེད་ཅེས་བསྟན་པ་དང་།

ཐེངས་འདིའི་འཚམས་འདྲིས་འཛམ་གླིང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུ་ཡིན་ལ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ། དེ་བཞིན་མིའི་རིགས་ཡར་རྒྱས་ཡོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད་ཅེས་བསྟན་པ་རེད།

ཨུ་རུ་སུའི་ཧྲིན་པི་ཏ་པའོ་རྒྱལ་བཙུགས་སློབ་ཆེན་ཤར་ཕྱོགས་ཚན་ཁག་གི་དགེ་རྒན་ཆེན་མོ་ ས་མོ་ནུའོ་ཧྥུས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲིས་ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་གི་སྟེང་སླེབས་པར་སྐུལ་འདེད་བཏང་བ་ནི་གདོན་མི་ཟ་བ་ཞིག་ཡིན་པའི་ངོས་འཛིན་གནང་བ་དང་། གཙོ་བདག་ཕྱི་འབྲེལ་གྱི་སྣེ་ཁྲིད་འོག ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད་པའི་ངོས་འཛིན་ཀྱང་གནང་འདུག

ཨུ་རུ་སུའི་མཐོ་རིམ་དཔལ་འབྱོར་སློབ་ཆེན་ཡོ་རོབ་གླིང་དང་རྒྱལ་སྤྱིའི་ཕྱོགས་བསྡུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཝ་ཤི་ལི་ཁ་ཧྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲིར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་དགའ་སྤྲོ་དཔག་མེད་སྐྱེས་བྱུང་ཞེས་དང་། ཁོང་གིས། གཙོ་བདག་ཕྱི་འབྲེལ་ནི་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྣེ་ཁྲིད་པའི་འགག་རྩ་ཡིན་ཞེས་དང་། ཐེངས་འདིའི་འཚམས་འདྲིས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་གྲུབ་འབྲས་གལ་ཆེན་བླངས་ཡོད་པས། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་དེ་མུ་མཐུད་སྐྱོན་བྲལ་དང་མགྱོགས་མྱུར་གོང་འཕེལ་ཡོང་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་རེད།

པོ་ལི་ཝེ་ཡའི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཝ་ན་ཁུ་ཉིས། གཙོ་བདག་ཕྱི་འབྲེལ་གྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་རྒྱུ་ནི་སྔོན་དཔག་ཐུབ་པ་ཞིག་རེད་ཅེས་གསུངས་པ་དང་། བཙན་དབང་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་གོང་མཐོར་འགྲོ་བའི་གནས་བབ་འོག ཐེངས་འདིའི་འཚམས་འདྲིས་མིག་སྔའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་བསྣན་ནས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་མིག་སྔའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད་ལ། ལ་ཏིང་ཨ་མེ་རི་ཁ་གླིང་གི་རྒྱལ་ཁབ་ནས་མཉམ་ལས་འཚོལ་བར་ཕན་ཡོད་ཀྱི་མ་དཔེའང་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།

ཨེ་ཤེ་ཡ་དང་ཡོ་རོབ་ས་ཁུལ་གནད་དོན་གྱི་རིགས་གཅིག་མཁས་པ་ཡིན་པའི་ངོས་ནས། ༼ཧ་སག་སི་ཐན་ཁེ་ལས་ཚགས་པར༽གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁོར་རུ་མུའུ་པ་ཡེ་ཧྥུས་དུས་ཡུན་རིང་པོར་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་རྗེས་འདེད་ཞིབ་འཇུག་གནང་བཞིན་ཡོད། ཁོང་གིས་བལྟས་ན། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཉེ་བའི་ལོ་ཤས་རིང་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཆར་འགོད་གནང་ནས། ཕྱོགས་གཉིས་འབྲེལ་བ་དེ་བས་ཁྱོན་ཡོངས་དང་དེ་བས་དངོས་གཉེར། དེ་བཞིན་འཐབ་ཇུས་རང་བཞིན་གྱི་ཁྱད་ཆོས་དེ་བས་ལྡན་པ་བཅས་ཀྱི་ཁྱད་ཆོས་མངོན་ཡོད་པ་རེད། ཁོང་གིས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་གོང་འཕེལ་ཁྲོད་སྔར་བས་འཐུས་ཚང་དང་བརྟན་པོ་བྱུང་དེ། རྒྱལ་ཁབ་ཆེན་པོའི་དཔེ་མཚོན་གསར་པ་བཙུགས་ཡོད་ཅེས་གསུངས་ཡོད་པ་རེད།

ཨ་ཀེན་ཐེན་མར་ཁི་སི་རིང་ལུགས་ཞིབ་འཇུག་དང་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རིན། སྤྱི་ཚོགས་རིག་པ་མཁས་ཅན་ལུའོ་ཏོ་ལི་ཀེ་སིས། མིའི་རིགས་འདི་ཉིད་དཀྱོག་མཚམས་གལ་ཆེན་དུ་གནས་ཡོད། ཀྲུང་གོ་དང་ཨུ་རུ་སུས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་པར་དཔེ་མཚོན་གཏོད་བཞིན་ཡོད་ཅེས་བསྟན་པ་དང་། ཁོང་གིས། རྒྱལ་ཁབ་ཀྱི་འབྲེལ་བ་དེ་ཕན་ཚུན་མཉམ་ལས་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་བཞག་ན། མི་དམངས་ཀྱིས་ད་གཟོད་དཔལ་འབྱོར་དང་ཆབ་སྲིད། རིག་གནས། ཚན་རིག་སོགས་ཀྱི་ཁྱབ་ཁོངས་ཐད་སྔར་བས་ལེགས་པའི་འབྲེལ་བ་གོང་འཕེལ་གཏོང་ཐུབ་ཅེས་གསུངས་པ་རེད།

མཉམ་འབྲེལ་གསལ་བསྒྲགས་ཞིབ་པར་བཀླགས་རྗེས། ཨུ་རུ་སུའི་ཚན་རིག་སློབ་གླིང་ཤར་ཕྱོགས་ཞིབ་འཇུག་སོའོ་ཡི་དབུ་བཞུགས་ཞིབ་འཇུག་པ་ཨའོ་སི་ཐེ་ལུའོ་ཧྥུ་སི་ཅི་ལ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མ་འོངས་པའི་གོང་འཕེལ་ཐད་ཡིད་ཆེས་ཀྱིས་ཁེངས་ཡོད། ཁོང་གིས། ཐེངས་འདིའི་འཚམས་འདྲིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། ཨུ་རུ་སུ་དང་ཀྲུང་གོས་མུ་མཐུད་ཉོ་ཚོང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས། མ་འཇོག་བྱེད་ཤུགས་དང་ཁྱབ་རྒྱ་ཆེ་རུ་བཏང་སྟེ། སླད་ཕྱིན་ཕྱོགས་གཉིས་པོས་ནུས་ཁུངས་དང་དངུལ་རྩ། ཚན་རྩལ། བར་སྣང་ཁམས། མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ནུས་པ་འདོན་ས་མང་པོ་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། བདུད་འདུལ་རྡོ་རྗེ།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྣེ་ཁྲིད་ནས། མིའི་རིགས་ཡར་རྒྱས་ཡོང་བའི་བྱ་གཞག་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ།

ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྣེ་ཁྲིད་ནས། མིའི་རིགས་ཡར་རྒྱས་ཡོང་བའི་བྱ་གཞག་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཞེས་པ་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཚད་མཐོའི་གདེང་འཇོག་བྱས་པ། སྤྱི་ཟླ་གསུམ་པའི་མོ་སི་ཁོ་ནི་ནམ་མཁའ་སྔོ་ཞིང་དྭངས་བ་དང་གོ་ལ་ཧྲིལ་པོའི་མིག་རྒྱང་གནས་འདིར་ཕྱོགས་ཡོད།