ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ཡོན་ལྷན་ཁང་གིས་སྐྱེད་ཀའི་གཞི་གནས་༢༥མང་དུ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ།

2023-03-23 09:34:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༢༢ཉིན།ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ཡོན་ལྷན་ཁང་གིས་གཞི་རྩའི་སྐྱེད་ཀའི་ཚད་གཞི་དེ་གཞི་གནས་༢༥སྤར་ནས་བརྒྱ་ཆ་4.75ནས་5.00བར་མང་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་དང་།དེ་སྤྱི་ལོ་༢༠༠༧ལོའི་ཟླ་༡༠པ་ཚུན་གྱི་ཆུ་ཚོད་མཐོ་ཤོས་སུ་སླེབས་ཡོད།དེ་ཡང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ཡོན་ལྷན་ཁང་གིས་སྤྱི་ལོ་༢༠༢༢ལོའི་ཟླ་༣པའི་ཚུན་གྱི་སྐྱེད་ཀ་སྤར་ཐེངས་དགུ་པ་ཡིན་ཞིང་།རིམ་རྩིས་བྱས་ན་སྐྱེད་ཀ་སྤར་ཚད་ཀྱི་གཞི་གནས་༤༧༥བར་སླེབས་ཡོད། དེ་མིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ཡོན་ལྷན་ཁང་གིས་འབྱུང་འགྱུར་ལོ་གཉིས་ཀྱི་ཨ་རིའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་སྔོན་དཔག་དམའ་རུ་བཏང་བ་མ་ཟད་ཨ་རིའི་ད་ལོའི་དངུལ་ལོར་འགྲེམ་ཐལ་ཤོར་ཚད་ཀྱི་སྔོན་དཔག་མུ་མཐུད་མཐོ་རུ་བཏང་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ཡོན་ལྷན་ཁང་གིས་སྐྱེད་ཀའི་གཞི་གནས་༢༥མང་དུ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ།

ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ཡོན་ལྷན་ཁང་གིས་འབྱུང་འགྱུར་ལོ་གཉིས་ཀྱི་ཨ་རིའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་སྔོན་དཔག་དམའ་རུ་བཏང་བ་མ་ཟད་ཨ་རིའི་ད་ལོའི་དངུལ་ལོར་འགྲེམ་ཐལ་ཤོར་ཚད་ཀྱི་སྔོན་དཔག་མུ་མཐུད་མཐོ་རུ་བཏང་ཡོད་པ་རེད།