ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཕུའུ་ཅིང་འཛིན་རྒྱུའི་བཀའ་བཏང་འདུག

2023-03-22 10:26:00     责编:桑吉卓玛

 

སྤྱི་ཟླ་3པའི་ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། གསར་འགོད་པ་ཞིག་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཉིན་ཤས་གོང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་འཛིན་བཟུང་བྱ་རྒྱའི་བཀའ་རྒྱ་བཏང་བའི་སྐོར་ལ་སྐད་ཆ་དྲིས།
ཝང་ཝུན་པིན། དཔྱད་གཞིའི་འདྲ་པར། ཕྱི་འབྲེལ་པུའུ་ནས་མཁོ་འདོན་བྱས།

དྲི་བ་དེའི་ཐད་ཝང་ཝུན་པིན་གྱིས། ཀྲུང་གོས་ནམ་ཡང་གྲོས་མོལ་གྱི་ལམ་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་པའི་རྩ་བའི་ཐབས་ལམ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུག་རེན་གྱི་ཉམས་ཉེན་དེ་ཞི་བདེའི་སྒོ་ནས་ཐག་གཅོད་པ་དང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་གྲོས་མོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་མང་ཙམ་བསྒྲུབ་དགོས་པ་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བ་ཞི་ལྷོད་དུ་གཏོང་བར་ཕན་པའི་ལས་དོན་དང་། རྩོད་གཞི་སེལ་བ་དང་འདུམ་འགྲིག་བྱེད་པའི་བྱ་བ་མང་ཙམ་བསྒྲུབ་དགོས་ཞེས་བརྗོད།

ཝང་ཝུན་པིན་གྱིས། ད་དུང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་གཞུང་དྲང་དྲང་གཞག་གི་ལངས་ཕྱོགས་མཐའ་འཁྱོངས་བྱེད་པ་དང་རྒྱལ་ཁབ་ཀྱི་གཙོ་འཛིན་ལ་རྒྱལ་སྤྱིའི་བཅའ་ཁྲིམས་སྟེང་མངའ་བའི་མངའ་ཁོངས་ཀྱི་ཁྲིམས་སྒོ་རང་བཙན་དབང་ཆར་བརྩི་འཇོག་བྱས་ནས། ཁྲིམས་ལྟར་གཟབ་ནན་ངང་འགན་དབང་སྤྱོད་པ་དང་། ལྷག་བསམ་རྣམ་དག་གིས་རྒྱལ་སྤྱིའི་བཅའ་ཁྲིམས་འགྲེལ་བཤད་དང་བེད་སྤྱོད་བྱས་ནས་ཆབ་སྲིད་ཅན་དང་ཚད་གཞི་ཉིས་བརྩེགས་ཅན་འབྱུང་མི་རུང་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག མིག་དམར་རྒྱ་མཚོ།
སྒྲིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཕུའུ་ཅིང་འཛིན་རྒྱུའི་བཀའ་བཏང་འདུག

སྤྱི་ཟླ་3པའི་ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། གསར་འགོད་པ་ཞིག་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཉིན་ཤས་གོང་ཨ